གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༧ པའི་ཚེས་༢༧ ལས་༢༩ ཚུན་ ཤཱྲི་ལངྐའི་རྒྱལ་ས་ ཀོ་ལོམ་བོ་ལུ་ ཤར་ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་ སཱག་གི་ གསོ་བའི་བློན་པོའི་ཞལ་འཛོམས་ཐེངས་༦ པ་འཚོགས་སར་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ འབྲུག་གི་འཐུས་མི་སྡེ་ཚན་ སྣ་ཁྲིད་ཐོག་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ནང་ སཱག་ལུང་ཕྱོགས་ཀྱི་ མི་མང་གསོ་བ་དང་འབྲེལ་བའི་ གནད་དོན་གན་ཅན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་བཞིན་དུ་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཀོ་ལོམ་བོའི་ ཁས་ལེན་གྲོས་ཆོད་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
ཀོ་ལོམ་བོ་གྲོས་ཆོད་དེ་ནང་ ཟས་བཅུད་དང་ གཙང་སྦྲ་ ཕྲ་འབུབ་ལུ་གདོང་ལེན་ འབུ་ནི་མེད་པའི་ནད་གཞི་ ནད་གཞི་གསརཔ་དང་ ཡང་བསྐྱར་ཐོན་མི་ ནད་གཞི་ཚུ་ལུ་ གྲ་སྒྲིག་འབད་ནི་ ཀུན་ལུ་གསོ་བའི་འཕྲོད་བསྟེན་ཁྱབ་ཚུགསཔ་བཟོ་ནི་ གསོ་བའི་ནང་ ཁྲིམས་ཀྱི་ལམ་ལུགས་ རྩ་བརྟན་བཟོ་ནི་ ཆུ་ལུ་བརྟེན་པའི་ནད་འབུབ་ འབུ་ནད་ལུ་བརྟེན་པའི་དཀའ་ངལ་ གནམ་གཤིས་འགྱུར་བགྲོད་དང་རྐྱེན་ངན་ དེང་སང་གསོ་བའི་སྨན་བཅོས་ནང་ ནང་པའི་སྨན་ དེ་ལས་ ས་མཚམས་ལས་བརྒལ་བའི་ གསོ་བའི་གནད་དོན་ལ་སོགས་པ་ཚུ་ བཀོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *