ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབང་འདུས་ དགའ་སེང་མཚོ་གོངམ་ལས་ སྐྱེས་ལོ་༥༠ ལང་མི་ ཆོས་གཉེར་ཀུན་ལེགས་དཔལ་འབྱོར་ལུ་ འཆམ་སློབ་གོང་མའི་ བདག་རྐྱེན་གནང་ཡི།
ཁོ་གིས་ སྐྱེས་ལོ་༡༡ ལས་ གཞུང་གྲྭ་ཚང་ནང་ འཛུལ་ཞུགས་འབད་དེ་ རང་ལུགས་གར་ཐིག་དབྱངས་གསུམ་ མཐིལ་ཕྱིན་སྦྱངས་པའི་ཁར་ སྤང་དཀར་སྒྲུབ་སྡེ་ནང་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་ཡང་གནང་ནུག།
དེ་ལས་ ཆོས་ཁྲིམས་ལ་སོགས་པའི་ གོ་གནས་མང་རབས་ཅིག་ ཕྱག་ཞུ་ཡོདཔ་བཞིན་དུ་ ད་རེས་ཀྱི་ གོ་གནས་མ་བཞེས་པའི་ཧེ་མར་ འཆམ་གྱི་དོ་དམ་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།
