གནས་ཚུལ་མདོར་བསྡུས།

ཨཱསི་ཊ་ལི་ཡ་ལུ་ སྡོད་མི་དང་ སློབ་སྦྱོང་འབད་མི་ འབྲུག་པའི་མི་སྡེ་གིས་ ཞུ་བ་ཕུལཝ་བཞིན་དུ་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་མཆོག་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ཀེན་བི་ར་ལུ་ཕེབས་ཏེ་ རེས་གཟའ་ཉི་མ་ལུ་ ལྷ་མོའི་འཆི་གླུད་དང་ ལྷ་མོའི་ཚོགས་འཁོར་གནང་ཡོདཔ་མ་ཚད་ རེས་གཟའ་ཟླ་བ་ལུ་ དད་ཅན་༦༠༠ ལྷགཔ་ཅིག་ལུ་ སྔོན་འགྲོ་དང་ སྐྱབས་འགྲོ་ བཛྲ་གུ་རུ་ མ་ཎིའི་ལུང་ཚུ་ གནང་པའི་ཁར་ མི་འཁྲུགས་པའི་དབང་ཅིག་ཡང་ གནང་ཡོདཔ་ཨིན་པས།
ཨཱསི་ཊ་ལི་ཡ་ལུ་ ཉིན་གྲངས་༡༧ བཞུགས་པའི་རིང་ལུ་ རྡོ་རྗེ་སློབ་དཔོན་མཆོག་གིས་ སིཌ་ནི་དང་ བི་རིསི་བེན་ མེལ་བོརན་ དེ་ལས་ པཱརཐ་ཁྲོམ་སྡེ་ཚུ་ནང་ གཟིགས་སྐོར་གནང་པའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༥ ལུ་ རྒྱལ་ཁབ་ནང་ ལོག་འབྱོན་ནི་ཨིན་པའི་གནས་ཚུལ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *