གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ (ཨེ་ཌི་བི) གི་ གཙོ་འཛིན་འོག་མ་ ཨེན་སའི་ཞང་གིས་ ཨེ་ཌི་བི་ཡིག་ཚང་གསརཔ་ འགོ་འབྱེད་གནང་ཡོདཔ་ད་ དེ་བསྒང་ ཨེ་ཌི་བིའི་ རྒྱལ་ཁབ་ཀྱི་མདོ་ཆེན་ ཨམ་ཀ་ནོག་པཱན་ ལའོ་ཨ་ར་ཡ་གིས་ གྲལ་གཏོགས་འབད་ནུག།
རྒྱལ་ཁབ་ཀྱི་ མཉམ་རོགས་ཐབས་བྱུས་ སྤྱི་ལོ་༢༠༡༤-༢༠༡༨ ཅན་མའི་འོག་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ གཞུང་ལུ་ རང་འཚོ་རང་ལྡང་བཟོ་ནི་དང་ མི་སྡེ་དཔལ་འབྱོར་གོང་འཕེལ་ དེ་ལས་ ཁྱིམ་མཚེས་རྒྱལ་ཁབ་ཚུ་དང་ མཉམ་འབྲེལ་གོང་འཕེལ་གཏང་ནི་ལུ་ ཆ་རོགས་འབདཝ་ཨིན་པས།
ཨེ་ཌི་བི་གིས་ འབྲུག་ལུ་ སྤྱི་ལོ་༡༩༨༢ ལས་ཚུར་ སྐྱིན་འགྲུལ་དང་ གྲོགས་རམ་ འཕྲུལ་རིག་རོགས་རམ་ཚུ་གི་ཐོག་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༧༦༤ དེ་ཅིག་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *