གནས་ཚུལ་མདོར་བསྡུས།

ཁ་ཙ་ འབྲུག་རྒྱལ་གཞུང་ཧེ་ལི་ཀོབ་ཊར་ཞབས་ཏོག་གིས་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གློ་བུར་ཚབས་ཆེན་ལས་ཁུངས་ཀྱི་ སྦོ་ལོགས་ཁར་ཡོད་མི་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ གནམ་གྲུ་ཆགས་ནིའི་ མོ་བཏབ་སྦྱང་བ་འབད་ཡི།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནདཔ་ཚབས་ཆེན་ཚུ་ ལུང་བསྟན་ཕུག་གནམ་གྲུ་ཐང་ལས་ སྨན་ཁང་ཚུན་ སྐྱེལ་འདྲེན་འབདཝ་ད་ དུས་ཡུན་སྐར་མ་༡༠ ལས་༡༥ དེ་ཅིག་ འགོར་མི་ལུ་བརྟེན་ སྨན་ཁང་གི་སྦོ་ལོགས་ཁར་ ཆགས་ཚུགས་པ་ཅིན་ དུས་ཚོད་དང་ ཚེ་སྲོག་ལུ་ ཕན་ཁྱད་སྦོམ་འདུག་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *