གནས་ཚུལ་མདོར་བསྡུས།

འབྲུག་དང་ རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་མཐུན་ལམ་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ ལོ་༡ གི་རིང་ཞུ་བའི་ལས་རིམ་དང་འཁྲིལ་ སྤྱི་ཟླ་༦ པའི་ཚེས་༩ ལུ་ ཐིམ་ཕུག་ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་ ཆོས་ལུགས་མཐུན་འབྲེལ་གྱི་ ལས་རིམ་དེ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ མཆོད་མེ་ཕུལ་ཐོག་ལས་ འགོ་བཙུགས་ཡོདཔ་ད་ རྒྱ་གར་གྱི་ཁ་ཐུག་ལས་ ཆོས་དང་འབྲེལ་བའི་ གདངས་དབྱངས་ཚུ་ སྤྱན་འབུལ་ཞུ་བའི་ཁར་ གཞུང་དགེ་འདུན་གྲྭ་ཚང་གིས་ མར་མེ་སྨོན་ལམ་དང་ ཞབས་དྲུང་ཕུན་སུམ་ཚོགས་པ་བཏང་ཡོདཔ་མ་ཚད་ ཞྭ་ནག་རྔ་འཆམ་དང་ ཞིང་གཤེགས་དཔལམོ་སྤྱན་འབུལ་ཞུ་ཡོད་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *