གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༦ པའི་ཚེས་༢ ལུ་ མི་དབང་འབྲུག་རྒྱལ་༤ པ་ དཔལ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ གསེར་ཁྲི་མངའ་གསོལ་ཞུ་བའི་ཉིནམ་དང་འབྲེལ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་མི་ རྫོང་ཁའི་དཔེ་དེབ་འགྲན་བསྡུར་གྱི་ གྲུབ་འབྲས་གསལ་སྟོན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ དཔེ་དེབ་འགྲན་བསྡུར་ནང་ལས་ ཀེ་ཨེམ་ཀྲི་གིས་ དཔེ་སྐྲུན་འབད་ཡོད་པའི་དཔེ་དེབ་ དད་པའི་ས་བོན་ གླེགས་བམ་༤ པ་གིས་ ཨང་དང་པ་ཐོན་ཡོདཔ་བཞིན་དུ་ རྒྱལ་ཁ་ཐོབ་མི་ཚུ་ལུ་ ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ གསོལ་རས་དང་ལག་ཁྱེར་ཚུ་ གནང་ཡོདཔ་ཨིན་པས།
འགྲན་བསྡུར་གྱི་དོན་ལུ་ དཔེ་དེབ་༩ ལྷན་ཚོགས་ཀྱི་ཡིག་ཚང་ལུ་ ཕུལ་ཡོད་རུང་ དཔེ་དེབ་༣ ཚད་གཞི་དང་མ་མཐུནམ་ལས་ དཔེ་དེབ་༦ རྐྱངམ་གཅིག་གིས་ དོ་འགྲན་འབད་ཡོད་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *