གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ འཁྲབ་རྩེད་ཁང་ནང་ འབྲུག་པའི་དམངས་གཙོའི་རིང་ལུགས་ཀྱི་ གནས་སྟངས་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ གྲོས་བསྡུར་ལས་རིམ་ཅིག་ འབྲུག་བརྡ་བརྒྱུད་དང་དམངས་གཙོའི་ལྟེ་བ་དང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ བརྡ་དོན་དང་ བརྒྱུད་འབྲེལ་དྲུང་ཆེན་བགྲེསཔ་ དྲགོས་ཀུན་ལེགས་རྡོ་རྗེ་གིས་ གྲོས་འཛིན་པ་འབད་དེ་ སྲིད་དོན་ཚོགས་པ་༤ ལས་ ངོ་ཚབ་རེ་གིས་ གྲོས་བསྡུར་ནང་ བཅའ་མར་གཏོགས་ཅི། དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་འོག་མ་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ འབྲུག་ཕུན་སུམ་ཚོགས་པའི་ངོ་ཚབ་ ལི་ལི་དབང་ཕྱུག་ དེ་ལས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ དྲགོས་གནས་བརྟན་བཟང་མོ་ཚུ་ཨིན་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *