གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༥ པའི་ཚེས་༨ ལུ་ འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་བཞུགས་འགོ་འཛིན་པ་ ཇི་རཱལཌ་ ད་ལི་གིས་ ཐིམ་ཕུག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡིག་ཚང་ནང་སྦེ་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་ཀྱི་ གདོང་ལེན་འབད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱི་ དམིགས་བསལ་སྐུ་ཚབ་ མར་ཊ་ སཱན་ཏོསི་ པ་ཡེསི་དང་ མཇལ་ཕྲད་འབད་བའི་སྐབས་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་འབད་བའི་ གནད་དོན་དང་ གདོང་ལེན་ཚུ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ནའི་སྐོར་ གྲོས་བསྡུར་འབད་ཡོདཔ་ད་ མར་ཊ་ སཱན་ཏོསི་དེ་ ཁ་ཙ་ལས་ འགོ་བཙུགས་མི་ ཨ་ལོ་ལུ་ རྩུབ་སྤྱོད་འབད་ནི་ སྔོན་འགོག་དང་ རྩ་མེད་གཏང་ནིའི་སྐོར་ ལུང་ཕྱོགས་ནང་འཁོད་ཀྱི་ ཆེ་མཐོའི་གནས་རིམ་གྱི་ མཉམ་འབྲེལ་ཞལ་འཛོམས་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་ལུ་ ལྷོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *