གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༥ པའི་ཚེས་༧ གྱི་ནུབ་མོའི་ཆུ་ཚོད་༩.༥༠ དེ་ཅིག་ཁར་ ཕུན་ཚོགས་གླིང་ལུ་ འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་བཀྲམ་སྤེལ་ཁང་གི་ གློག་ཤུགས་ཀེ་བི་༡༡ འབད་མི་ འཕྲུལ་ཆས་འཚིགས་སོ་མི་ལུ་བརྟེན་ གློག་མེ་དང་ བརྡ་དོན་ཡོངས་འབྲེལ་ཐོག་ལུ་ ལཱ་འབད་མི་ གཞུང་དང་ སྒེར་གྱི་ཡིག་ཚང་ཆ་མཉམ་ལུ་ ཐོ་ཕོག་ཡོདཔ་ད་ བྱུང་རྐྱེན་དེ་ལུ་བརྟེན་ འབྲུག་གི་དངུལ་ཁང་གི་ བརྡ་དོན་ཡོངས་འབྲེལ་ཞབས་ཏོག་ལུ་ བར་ཆད་རྐྱབ་ལས་ རྒྱལ་ཁབ་ནང་འཁོད་ལུ་ དངུལ་ཁང་དང་འབྲེལ་བའི་ ཚོང་འབྲེལ་ཚུ་ འཐབ་མ་ཚུགས་པས།
འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ཁ་ཙ་ དྲོ་པ་ལས་ གློག་མེ་རྒྱུན་སྤེལ་ལམ་སོ་སོ་ཅིག་ལས་ཐེན་ཏེ་ གློག་མེ་བཀྲམ་སྤེལ་འབད་ཡོདཔ་མ་ཚད་ འབྲུག་གི་དངུལ་ཁང་གིས་ཡང་ གློག་མེའི་རིམ་ལུགས་ སོ་སོ་ལས་ ལག་ལེན་འཐབ་སྟེ་ བརྡ་དོན་ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་ ལོག་གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *