གནས་ཚུལ་མདོར་བསྡུས།

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་རྒྱལ་སྲས་མཆོག་གིས་ སྒང་སྟེང་གསང་སྔགས་ཆོས་གླིང་དགོན་པ་ལུ་ གཟིགས་སྐོར་གནངམ་དང་འབྲེལ་ རྒེད་འོག་༧ གྱི་མི་སེར་དང་ ཉེ་འདབས་ཀྱི་ སློབ་གྲྭའི་སློབ་ཕྲུག་ དེ་ལས་ བཤད་གྲྭའི་དགེ་སློང་ཚུ་བརྩིས་ཏེ་ བསྡོམས་མི་གྲངས་༥,༠༠༠ ལྷགཔ་ཅིག་ལུ་ མཇལ་ཕྲད་དང་ ལྟོ་ཁ་གནང་ཡོདཔ་ཨིན་པས།

གསང་སྔགས་ཆོས་གླིང་དགོན་པ་དེ་ ལོ་༤༠༠ དེ་ཅིག་གི་ཧེ་མར་ སྒང་སྟེང་སྤྲུལ་སྐུ་དང་པ་ རྒྱལ་སྲས་པདྨ་འཕྲིན་ལས་ཀྱིས་ གདན་ས་བཅགས་གནང་ཡོདཔ་ ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་གི་དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གྱི་ དཔྱད་ཡིག་ཆ་འཇོག།

༉ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གྱི་དཔྱད་ཡིག་༢༠༢༡ ཅན་མའི་ གསུང་གྲོས་མཇུག་བསྡུ་སྟེ་ བསྒྱུར་བཅོས་གངམ་མེད་པར་ ཆ་འཇོག་གནང་ཡི། གཞུང་གིས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ཡོད་མི་ ཚོང་ལས་ཆུང་བ་དང་ ནང་འཁོད་ཚོང་ལས་ དེ་ལས་ …

Leave a Reply

Your email address will not be published. Required fields are marked *