མོང་སྒར་ལུ་ ཉིན་གྲངས་༤ གི་རིང་ འགོ་འདྲེན་འཐབ་མི་ འཁྲུན་ཆོད་འབྲི་ཐངས་ གཅིག་མཚུངས་བཟོ་ནི་དང་ རྩོད་གཞི་འཛིན་སྐྱོང་ལམ་ལུགས་༢ ཀྱི་ སྦྱོང་བརྡར་ནང་ བུམ་ཐང་དང་ ལྷུན་རྩེ་ བཀྲིས་གཡང་རྩེ་ བཀྲིས་སྒང་ པདྨ་དགའ་ཚལ་ དེ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་༦ ལས་ དྲང་དཔོན་༦ དང་ དྲུང་ཁག་དྲང་དཔོན་༧ རྩོད་དྲུང་༥༨ ཀྱིས་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ད་ སྦྱོང་བརྡར་དེ་ ཨཱསི་ཊི་ཡཱན་གོང་འཕེལ་ལས་འཛིན་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ འགོ་འདྲེན་འཐབ་ཨིན་པའི་གནས་ཚུལ།
