གནས་ཚུལ་མདོར་བསྡུས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ན་གཞོན་ཀུན་སྤྱོད་དངུལ་གསོག་ལས་འཆར་ཅིག་ འགོ་བཙུགས་མི་དེ་གིས་ སློབ་གྲྭ་ཚུ་ནང་ ཀུན་སྤྱོད་རྣམ་གཞག་དང་འབྲེལ་བའི་ ལས་སྣ་ཚུ་ལུ་ བརྩོན་ཤུགས་བསྐྱེད་དེ་ དངུལ་འབྲེལ་ཤེས་ཡོན་ཡར་དྲག་གཏང་ནི་ཨིན་པས། སློབ་གྲྭ་༤ གིས་ ན་གཞོན་ཀུན་སྤྱོད་དངུལ་གསོག་ལས་འཆར་དེ་ ལག་ལེན་གྱི་དོན་ལུ་ གྲ་སྒྲིག་འབད་ནི་ འགོ་བཙུགས་ཡོད་མི་དེ་ཡང་ ཐིམ་ཕུག་ལུ་ཡོད་མི་ འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བ་དང་ ཆུ་ཁ་ཨ་རི་ཁ་སློབ་གྲྭ་ཆུང་བ་ སྤ་རོ་དབང་སེལ་སྤེལ་ཁང་ དེ་ལས་ ན་གཞོན་གོང་འཕེལ་མ་དངུལ་འོག་གི་ ན་གཞོན་ཁས་བླངས་པའི་ངོས་ལེན་གྱི་ འཐུས་མི་ཚུ་གིས་ སྤྱི་ཟླ་༤ པ་ལས་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *