གནས་ཚུལ་མདོར་བསྡུས།

ཁ་ཙ་ མེ་ཏོག་འགྲུལ་སྐྱེལ་བཱསི་དེ་ དགེ་ལེགས་ཕུག་ལས་ ཐིམ་ཕུག་ལུ་འོངམ་ད་ གསར་སྤང་ཞིབ་དཔྱད་སྒོ་ར་ལས་ ཀི་ལོ་མི་ཊར་༣ གྱི་ས་གནས་ ཤེས་ལྕམ་ཐང་(ར་ནི་བཱ་གཱན) ལུ་ལྷོདཔ་ད་ ལམ་འོག་ལས་མར་ ཕིཊ་༡༨ ཀྱི་ས་ཁར་ རྦོབ་རིལ་ཡར་སོཔ་ལས་ འགྲུལ་པ་སྐྱེས་ལོ་༥༢ ལང་མི་ ཨམ་སྲུ་ཅིག་གི་ མགུ་ཏོ་ཁར་ རྨ་སྐྱོན་དུམ་གྲ་ཅིག་བྱུངམ་ལས་ ད་ལྟོ་ གསར་སྤང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་བཞིན་དུ་ ད་རེས་ སྨན་ཁང་ནང་ལས་ གཏང་ནི་གི་ རེ་བ་ཡོདཔ་ཨིན་པས།
འགྲུལ་སྐྱེལ་བཱསི་དེ་ནང་ ཨ་ལོ་༡ བརྩིས་ཏེ་ འགྲུལ་པ་༡༧ ཡོད་མི་ལས་༡༣ གསར་སྤང་སྨན་ཁང་ནང་ བསྐྱལ་ཡོད་རུང་ འགྲུལ་པ་༣ རྐྱངམ་གཅིག་ལུ་ སྨན་བཅོས་འབད་དགོཔ་ ཐོན་ཡོདཔ་ད་ རྐྱེན་ངན་དེ་ཡང་ བཱསི་དེ་ ཤེས་ལྕམ་ཐང་གི་ལྟག་ལས་མར་ ཤུགས་ཚད་ལས་བརྒལ་ཏེ་འོང་མི་ སྣུམ་འཁོར་ཊི་པར་ཊཱག་དང་ ཁ་ཐུག་རྐྱབ་པའི་སྐབས་ བཱསི་གི་དེད་གཡོགཔ་དེ་གིས་ ཐུག་རྐྱེན་འབྱུང་ནི་ལས་ ཟུར་ཐབས་ལུ་ འཁོར་ལམ་གྱི་ ཟུར་བདའ་སྟེ་ བཏོག་པའི་སྐབས་ རྦོབ་རིལ་ཡར་སོཔ་ ཨིན་པའི་གནས་ཚུལ།

About admin

Check Also

སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།

༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …

Leave a Reply

Your email address will not be published. Required fields are marked *