གནས་ཚུལ་མདོར་བསྡུས།

༉ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ སྤྱི་ཟླ་༨ པའི་ཚེས་༨ ལུ་ འབྲུག་སོ་ནམ་གྱི་ དུས་དེབ་བམ་ཚན་དང་པ་ གསར་བཏོན་འབད་ཡོད་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༨ བཞེས་པའི་ འཁྲུངས་སྟོན་ལུ་ གུས་བཏུད་ཞུ་ཐབས་ལུ་ཨིན་པས།

དུས་དེབ་དེ་ནང་ བཟའ་སྤྱོད་དང་ ལོ་ཐོག་ སོ་ནམ་སློབ་སྦྱོང་ འབྲུ་སྣའི་རིགས་དབྱེ་དཔྱད་དང་གོང་འཕེལ་ ཤིང་འབྲས་ཀྱི་ལྕངམ་ འཛུགས་སྐྱོང་འབད་ཐངས་ དེ་ལས་ ལོ་ཐོག་ཐོན་སྐྱེད་ལ་སོགས་པའི་ དབྱེ་དཔྱད་འབད་ཐངས་ཚུ་ གསལ་བཀོད་འབད་དེ་ཡོདཔ་ཨིན་པས།

ད་རུང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཤིང་ཐོག་ཐོན་སྐྱེད་ལུ་ ཐོ་ཕོག་ཉེན་ཡོད་མིའི་སྐོར་ བཀོད་དེ་ཡོདཔ་ད་ དུས་དེབ་དེ་ སོ་ནམ་ལས་ཁུངས་ སོ་ནམ་ཞིབ་འཚོལ་དང་ རྒྱ་སྐྱེད་སྡེ་ཚན་གྱིས་ པར་སྐྲུན་འབད་ཡོདཔ་བཞིན་དུ་ ད་ལས་ཕར་ ལོ་བསྟར་གྱི་ དེས་དེབ་སྦེ་ པར་སྐྲུན་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *