གནས་ཚུལ་མདོར་བསྡུས།

ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འོང་འབབ་བཟོ་ནི་དང་ ལྷབ་སྦྱང་ལས་རིམ་ནང་ བཅའ་མར་གཏོགས་མི་ ན་གཞོན་སྡེ་ཚན་ཅིག་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ ཐིམ་ཕུག་ལུ་ ཇ་པཱན་གྱི་ ཁ་སྐད་གཞི་རྟེན་སྦྱོང་བརྡར་མཇུག་བསྡུ་མི་ ན་གཞོན་༣༥༩ དེ་ དངུལ་འབྲེལ་ལས་ཁང་ཚུ་ལས་ མ་དངུལ་ཐོབ་ཅིག་ ཇ་པཱན་ལུ་ འགྱོ་ཞིནམ་ལས་ སྐད་ཡིག་སློབ་ཁང་ཚུ་ནང་ ཁ་སྐད་ལྷབ་ནི་དང་འབྲེལ་ དུས་ཐེབས་ལཱ་འབད་ནི་ཨིན་པས།

ཕྱི་རྒྱལ་ལུ་ ལཱ་འབད་མི་ འབྲུག་མི་ཚུ་གིས་ ཕྱི་དངུལ་བཏང་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་འཕེལ་ལུ་ ལྷན་ཐབས་སྦོམ་བྱུང་དོ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *