གནས་ཚུལ་མདོར་བསྡུས།

འབྲུག་མདའ་རྩེད་ཚོགས་སྡེ་གིས་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ མི་དབང་རྒྱས་སྲས་རང་ལུགས་སྤག་ཤིང་གི་ མདའ་གཞུའི་མདའ་རྩེད་འགྲན་བསྡུར་ཐེངས་༢ པ་ འགོ་འདྲེན་འཐབ་མི་དེ་ སྐྱེལ་འདྲེན་དང་ གླ་འཁོར་སྤྱི་མཐུན་ཚོགས་པའི་ སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ འདས་པའི་ཉིན་གྲངས་༢ ཀྱི་རིང་ མཐའ་བཅད་འགྲན་བསྡུར་འབདཝ་ད་ ཁ་ཙ་ སྡེ་ཚན་དེ་གིས་ སྦྱེལཝ་སྦྱེལ་སར་ སྐུགས་༢ ཆོད་དེ་ གདུང་སྨད་རྒེད་འོག་སྡེ་ཚན་ཕམ་བཏང་ཡི། ཉིནམ་དང་པའི་ནང་ གདུང་སྨད་རྒེད་འོག་གིས་ སྐུགས་༡ ཆོད་པའི་ཤུལ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ ཉིནམ་༢ པའི་ནང་ འཕྲོ་མཐུད་དེ་ར་ རྩེད་འགྲན་འབདཝ་ད་ སྐྱེལ་འདྲེན་དང་ གླ་འཁོར་མཐུན་ཚོགས་ལུ་ དོ་འགྲན་འབད་མ་ཚུགསཔ་ཨིན་པའི་གནས་ཚུལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *