གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ འབྲུག་ལྟ་བཤལ་ཚོགས་སྡེའི་ ས་ཁོངས་ནང་ ཀོ་རི་ཡ་ལས་ ཡོངས་གྲགས་ཅན་གྱི་ ཞབས་ཁྲ་འཐེན་མི་ སྡེ་ཚན་གྱི་ ལས་རིམ་བལྟ་ནིའི་དོན་ལུ་ ཤོག་འཛིན་རིན་མེད་སྟོང་པར་བྱིན་སར་ ན་གཞོན་བུཚ་དང་ བུམོ་བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ ག་ཐོབ་རྐྱབ་ཡོདཔ་ད་ འབྲུག་དང་ ཀོ་རི་ཡ་མི་སེར་རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་གཞི་བཙུགས་འབད་དེ་ ལོ་ངོ་༣༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཞབས་ཁྲའི་ལས་རིམ་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ ཉིན་མའི་ཆུ་ཚོད་༣ ལས་ ལྕང་གླིང་མི་ཐང་གི་ རྩེད་ཐང་ནང་ སྤྱན་འབུལ་ཞུ་ནི་ཨིན་པའི་གནས་ཚུལ།

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *