གནས་ཚུལ་མདོར་བསྡུས།

བེལ་ཇི་ཡམ་གྱི་རྒྱལ་ས་ བ་ར་སིལསི་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༠ པ་ བརྩི་སྲུང་གི་དོན་ལས་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ བསུ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ ཕྱི་འབྲེལ་དོན་གཅོདཔ་དང་ བེལ་ཇི་ཡམ་གཞུང་ ཡུ་རོ་པིན་སྤྱི་མཐུན་ བེལ་ཇི་ཡམ་གྱི་ ཚོང་པའི་འཐུས་མི་ ཇར་མ་ནི་དང་ ནེ་དར་ལེནསི་ལས་ འབྲུག་གི་དོན་གཅོདཔ་ངོ་ཚབ་ དེ་ལས་ ཨཱསི་ཊི་ཡ་དང་ ཌེན་མཱག་ ཕ་རཱནསི་ ནེ་དར་ལེནསི་ ཇར་མ་ནི་ སུ་ཡི་ཌེན་ ཡུ་ནའི་ཊེཊ་ ཀིང་ཌོམ་ལས་ འབྲུག་གི་མཐུན་ཚོགས་ཀྱི་ འཐུས་མི་དང་ ཡུ་རོབ་ལུ་ དཔེ་ཆ་ལྷབ་མི་ སློབ་ཕྲུག་ཚུ་གིས་གཙོས་པའི་ མི་གྲངས་༣༠༠ དེ་ཅིག་གིས་ བཅའ་མར་གཏོགས་ནུག།
དེ་བསྒང་ འབྲུག་སྙན་ཆ་གཞི་ཚོགས་ གཞི་བཙུགས་འབད་མི་ སྙན་ཆ་མཁནམ་ ཕ་རཱན་སིསི་ མ་རི་ཡང་ ཡུ་ཏི་གིས་ འབྲུག་པའི་སྙན་ཆ་སྤྱན་འབུལ་ཞུ་ཡོདཔ་ད་ འབྲུག་གི་གཞུང་ཚབ་ པདྨ་ཆོས་སྒྲོན་གྱིས་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་དགོ་པའི་ རྒྱབ་ཁུངས་སྐོར་ལས་ གསལ་བཤད་འབད་ཡོད་པའི་གནས་ཚུལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *