གནས་ཚུལ་མདོར་བསྡུས།

འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ ཐིམ་ཕུག་དང་ ཆུ་ཁ་རྫོང་ཁག་༢ ཀྱི་ ས་གནས་གཞུང་གི་འགོ་ཁྲིདཔ་༩༡ ལུ་ སྤྱི་ཟླ་༡༡ པའི་ཚེས་༢༣ ལས་༢༥ ཚུན་ ཉིན་གྲངས་གསུམ་གྱི་རིང་ ནང་ཁ་ནང་འགྲིགས་རྐྱབ་ཐངས་ཀྱི་ སྦྱོང་བརྡར་བྱིན་ཡོདཔ་ད་ ཆུ་ཁ་རྫོང་ཁག་ནང་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་དེ་ནང་ དུས་ཅི་སྤྱི་ཟླ་༩ པའི་ནང་ བཅའ་མར་གཏོགས་མ་ཚུགས་མི་ བསམ་རྩེ་རྫོང་ཁག་ གདུང་སྟོད་དང་ རྡོ་ཕུག་ཅན་ ལྡན་ཆུ་ཁ་ རྟ་སྡིངས་རྒེད་འོག་ཚུ་གི་ འགོ་ཁྲིདཔ་ཚུ་ཡང་ གྲལ་གཏོགས་འབད་བཅུག་ཡོདཔ་ཨིན་པས།
མི་སྡེ་ཚུ་ནང་ རྩོད་རྙོགས་ཐོནམ་ད་ ནང་ཁ་ནང་འགྲིགས་ཐོག་ལས་ དོན་སྨིན་ཅན་སྦེ་ སེལ་ཐབས་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་གཞུང་གཉིས་པའི་ དམངས་མི་དང་ ཚོགས་པ་ཚུ་གི་དོན་ལུ་ གོ་རིམ་༢ པའི་ སྦྱོར་བརྡར་ལས་རིམ་ ཉིན་གྲངས་གསུམ་འབད་མི་དེ་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ ཧཱ་དང་ སྤ་རོ་རྫོང་ཁག་༢ ཀྱི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་དོན་ལུ་ ཧཱ་ལུ་སྦེ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ འགོ་བཙུགས་གནང་ཞིནམ་ལས་ཚུར་ རྫོང་ཁག་༧ གྱི་ ས་གནས་གཞུང་གི་འགོ་ཁྲིདཔ་༢༧༠ ལུ་ སྦྱོང་བརྡར་བྱིན་ཡོད་པའི་གནས་ཚུལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *