གནས་ཚུལ་མདོར་བསྡུས།

ཕུན་ཚོགས་གླིང་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་རྐྱངམ་གཅིག་ནང་མེན་པར་ ཉེ་འདབས་ཀྱི་ ས་གནས་ཁག་སོ་སོའི་ནང་ ཀེ་བའི་དོ་ཚུ་གིས་ གང་ཡོདཔ་ལས་ ད་རེས་ནངས་པར་ ཀེ་བ་འབག་འོང་མི་ཚུ་ལུ་ ས་གོ་མ་ཐོབ་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ དོ་ཚུ་ སྣུམ་འཁོར་ཊཱག་ཚུ་ནང་ བཞག་སྟེ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོ་ལས་ ཀེ་བ་འབག་འོང་མི་ སོ་ནམ་པ་མང་ཤོས་ར་ ཁོང་རའི་ཐོན་སྐྱེད་ རིན་བསྡུར་ཐོག་ བཙོང་ནིའི་དོན་ལུ་སྒུག་སྟེ་ བདུན་ཕྲག་༣ དེ་ཅིག་ ལང་ཡོདཔ་ད་ ཚོང་སྒྱུར་འཐབ་མ་ཚུགས་པའི་ དཀའ་ངལ་དེ་ཡང་ སྤྱི་ཟླ་༡༠ པའི་ནང་ རྒྱ་གར་ལུ་ དུས་སྟོན་བརྩི་སྲུང་གི་ དུས་ཚོད་དང་ ཁ་ཐུག་རྐྱབ་ནི་དེ་གིས་ ས་མཚམས་ཕྱི་ཁ་ལས་ ཀེ་བ་ཉོ་མི་ མ་འོང་མི་ལུ་བརྟེན་ཨིན་པའི་གནས་ཚུལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *