གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༡༢ ལས་ ནུབ་ཕྱོགས་རྫོང་ཁག་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ མགར་ས་ཚུ་ནང་ མི་མང་འཕྲོད་བསྟེན་དང་ མི་སྡེའི་གནད་དོན་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་དོན་ལུ་ ཆེ་མཐོའི་གནས་རིམ་གྱི་ གཟིགས་སྐོར་ནང་བྱོན་མི་ ཡུ་ཨེན་ཨེཕ་པི་ཨེ་གི་ ལེགས་སྨོན་སྐུ་ཚབ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་པོའི་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་རྣམ་གཉིས་ཀྱིས་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་དམག་སྦྱོང་ལྟེ་བའི་ བསྟན་སྲུང་དམག་མི་དང་ བྱང་སེང་༡༢ པའི་ དམག་སྡེའི་བཟའ་ཚང་ དེ་ལས་ ཁྲིམས་སྲུང་འགག་པ་ཚུ་དང་ མཇལ་ཕྲད་ཐོག་ བཅའ་མར་གཏོགས་མི་༡,༤༠༠ དེ་ཅིག་ལུ་ ལྟོ་ཁ་གནང་ཡོདཔ་ད་ ཁ་ཙ་ མི་དབང་རྒྱལ་ཡུམ་མཆོག་ མགར་ས་ལུ་ ཕེབས་ཡོད་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *