གནས་ཚུལ་མདོར་བསྡུས།

ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ནགས་ཚལ་དང་རང་བཞིན་ཉམས་སྲུང་དཔྱད་ཡིག་༢༠༢༡ ཅན་མའི་གུ་ གསུང་གྲོས་འཕྲོ་མཐུད་གནངམ་དང་འབྲེལ་ མཐའ་འཁོར་གནས་གནས་དང་ གནམ་གཤིས་འགྱུར་བགྲོད་ཚོགས་ཆུང་གི་ཁྲི་འཛིན་ མགོནམ་རྡོ་རྗེ་གིས་ དཔྱད་ཡིག་དེ་གི་ དོན་ཚན་༡༡༩ པའི་ནང་ མི་དང་རི་དྭགས་ཀྱི་ དཀའ་ངལ་འཁོན་འཁྲུག་སྔོན་འགོག་དང་ མར་ཕབ་འབད་ནིའི་དོན་ལུ་ ཚན་རིག་དང་ ཞིབ་འཚོལ་ དེ་ལས་ འཕྲུལ་རིག་ལུ་བརྟེན་པའི་ ཐབས་ལམ་གསར་གཏོད་ལག་ལེན་འཐབ་དགོཔ་དང་ དོན་ཚན་༡༢༠ པའི་ཤུལ་ལས་ དོན་ཚན་གསརཔ་ནང་ བཅའ་ཁྲིམས་ཀྱི་དོན་ཚན་༩༧ ལུ་ མ་ལྟོས་པར་ ཞིང་ཁར་ལོ་ཐོག་དང་ སྒོ་ནོར་སེམས་ཅན་ སྒེར་གྱི་རྒྱུ་དངོས་བསྲུང་ནི་ དེ་ལས་ མིའི་ཚེ་སྲོག་ལུ་ གནོད་ཉེན་བཀག་ནི་གི་དོན་ལུ་ ཧིང་དང་རྙི་བཀལ་ཆོག་པའི་ དོན་ཚན་བཙུགས་ནིའི་ གྲོས་འདེབས་ཕུལ་མི་ཚུ་ལུ་ འཐུས་མི་མང་ཤོས་ཅིག་གིས་ ལགཔ་འཐུ་ཐོག་ལས་ ཚོགས་ཁང་གིས་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ ད་རེས་ལྷག་ཐེངས་༣ པ་དེ་ མཇུག་བསྡུ་ནིའི་ རེ་བ་ཡོད་པའི་གནས་ཚུལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *