གནས་ཚུལ་མདོར་བསྡུས།

ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤ་རོ་ར་མོ་ཐང་ཀ་ལུ་ ཨ་ནེམོ་༡༤༤ ལུ་ དགེ་སློང་མའི་སྡོམ་པ་གནང་ཡོདཔ་ད་ དེ་ཡང་ འབྲུག་ཨ་ཎི་གཞི་ཚོགས་ཀྱིས་ གསལ་བསྒྲགས་འབདཝ་བཞིན་དུ་ ཐོ་བཀོད་འབད་མི་ཚུ་ཨིན་པས། དགེ་སློང་མའི་སྡོམ་པ་ཞུ་མི་ ཨ་ནེམོ་ཚུ་ཡང་ འབྲུག་ལས་རྐྱངམ་གཅིག་མེན་པར་ རྒྱ་གར་ལས་ཡང་ བཙུན་མའི་སྡེ་ལེ་ཤ་གིས་ བཅའ་མར་གཏོགས་ཡོདཔ་ད་ གཞུང་དགེ་འདུན་གྲྭ་ཚང་གིས་ ཡོངས་འབྲེལ་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ རྟེན་འབྲེལ་ནང་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གིས་དབུ་གཙོས་པའི་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་དང་ ཚོགས་ཀྱི་སློབ་དཔོན་ ལས་ཚོགས་སློབ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *