གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གཞུང་ཚབ་ལས་ཁང་ནང་ ལོ་བསྟར་གཱོལཕ་རྩེད་འགྲན་གྱི་ གསོལ་རས་ཀྱི་ མཛད་སྒོའི་རྟེན་འབྲེལ་ནང་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ བྱོན་གནང་ཡོདཔ་ད་ སྤྱི་ལོ་༢༠༡༧ གྱི་ རྒྱ་གར་གཞུང་ཚབ་ལས་ཁང་གི་ ལོ་བསྟར་གཱོལཕ་རྩེད་འགྲན་ནང་ལས་ བསྟན་འཛིན་གནམ་འདྲ་གིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༥༠,༠༠༠ དང་ རྟགས་མ་ཐོབ་ཡོདཔ་བཞིན་དུ་ ན་གཞོན་བུཚ་གི་ དབྱེ་སྡེའི་ནང་ རྡོ་རྗེ་ལས་འཕྲོ་གིས་ དངུལ་རྐྱང་གི་གསོལ་རས་༡༥,༠༠༠ དང་ བུམོ་གི་དབྱེ་སྡེའི་ནང་ལས་ འཆི་མེད་ཆོས་སྒྲོན་གྱིས་ རྒྱལ་ཁ་ཐོབ་ཅི།

སྤྱི་ཟླ་༡༡ པའི་ཚེས་༤ ལུ་མཇུག་བསྡུ་མི་ འགྲན་བསྡུར་ནང་ གཱོལཕ་རྩེ་མི་༡༩༡ གིས་ བཅའ་མར་གཏོགས་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པའི་གནས་ཚུལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *