གནས་ཚུལ་མདོར་བསྡུས།

ཁ་ཙ་ཉིན་མ་ཁམས་ཅིག་ཁར་ ལམ་སེལ་ལས་ཁུངས་ཀྱིས་ མོང་སྒར་དང་ བུམ་ཐང་གི་ གཞུང་ལམ་བར་ན་ ས་གནས་ནམ་གླིང་ལུ་ ས་རུད་ཀྱིས་ ལམ་བསུབས་མི་དེ་ བསལ་ཚརཝ་ཅིག་ར་ ད་རུང་ ས་རུད་སྦོམ་སྦེ་ ཆད་མི་ལུ་བརྟེན་ ཕར་ཚུར་ཐོགས་ལུས་མི་ སྣུམ་འཁོར་ཚུ་ བཏང་མ་ཚུགས་ཟེར་ དུས་མཐུན་སྙན་ཞུ་ནང་བཀོད་ནུག།

ལམ་བསུབས་མི་དེ་ ད་རིས་དྲོ་པ་ཧ་སག་ལས་བསལ་ནི་ འགོ་བཙུགས་ཐོག་ལས་ ས་རུད་མ་ཆད་པ་ཅིན་ དྲོ་པ་ཆུ་ཚོད་༡༠ དེ་ཅིག་ལས་ སྣུམ་འཁོར་ཚུ་ གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *