གནས་ཚུལ་མདོར་བསྡུས།

ཁ་ཙ་ཕྱི་རུ་ ལམ་སེལ་ལས་ཁུངས་ཀྱིས་ དུས་མཐུན་སྙན་ཞུ་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ མོང་སྒར་དང་ བུམ་ཐང་གཞུང་ལམ་གྱི་བར་ན་ ས་གནས་ནམ་གླིང་ལུ་ ས་རུད་ཧེང་སྐལ་ཆད་ཡོདཔ་མ་ཚད་ ལམ་ལྟག་ལས་ འཕྲོ་མཐུད་དེ་ར་ རྡོ་བུད་འོང་མི་ལུ་བརྟེན་ གཞུང་ལམ་བསལ་མ་ཚུགས་པའི་ཁར་ ད་རུང་ ལམ་བསལ་ཚུགས་ཚུགས་ལུ་ ཉིནམ་༡ དང་༢ དེ་ཅིག་ འགོར་ནི་བཟུམ་འདུག་ཟེར་ཨིནམ་ད་ གཞུང་ལམ་བསུབས་ཏེ་ ཉིན་གྲངས་༡༡ དེ་ཅིག་ ལང་ཡོདཔ་ལས་ ཤར་ནུབ་ཀྱི་ གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ མི་མང་སྐྱེལ་འདྲེན་ཞབས་ཏོག་ཚུ་ལུ་ བར་ཆད་བྱུང་ཡོད་པའི་གནས་ཚུལ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *