༉ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཨཱསི་ཊེ་ལི་ཡའི་ཁྲོམ་སྡེ་ པཱཐ་ལུ་སྦེ་ སྤྱི་ཟླ་༦ པའི་ཚེས་༥ ལུ་ རྒྱལ་སྤྱིའི་མཐོ་རིམ་སློབ་གྲྭ་ གསར་བསྒྲུབས་འབད་མི་ཅིག་ འགོ་འབྱེད་གནང་ཡོདཔ་ད་ དེ་བསྒང་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་སྟོང་ལས་བཅད་མི་ཚུ་གིས་ སློབ་དཔོན་མཆོག་ལས་ ལྗགས་ལུང་དང་ བཀའ་བསྒོ་ དེ་ལས་ བྱབས་ཁྲུས་ཚུ་ ཞུ་ཡོདཔ་ཨིན་པས།
རྡོ་རྗེ་སློབ་དཔོན་མཆོག་ ཨཱསི་ཊེ་ལི་ཡ་ལུ་ འབྲུག་མི་མཐུན་ཚོགས་ཀྱིས་ མགྲོན་བརྡ་ཞུ་ཡོདཔ་བཞིན་དུ་ སློབ་དཔོན་མཆོག་ ཨཱསི་ཊེ་ལི་ཡ་ལུ་ བདུན་ཕྲག་༡ གི་རིང་ བཞུགས་ཡོད་པའི་གནས་ཚུལ།
