གནས་ཚུལ་མདོར་བསྡུས།

ད་ལས་ཕར་ འགྲུལ་འཕྲིན་ནང་ བརྡ་དོན་ཡོངས་འབྲེལ་གྱི་ མཐུན་རྐྱེན་ཡོད་མི་ གང་རུང་གིས་ ཡོངས་འབྲེལ་རིམ་ལུགས་གསརཔ་༢ ཀྱི་ཐོག་ལས་ འབྲུག་གི་གནས་ཚུལ་དང་ ལས་རིམ་ཚུ་ ཐོབ་སྤྱོད་འབད་ཚུགས་ནི་ཨིན་པས།
དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ སུ་ཡིསི་གོང་འཕེལ་མཉམ་འབྲེལ་གྱིས་ མ་དངུལ་གྲོགས་རམ་ཐོག་ལུ་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ བྷུ་ཏཱན་ནིའུསི་(Bhutan News) དང་ རེ་ཌིའོ་ལ་(Radiola) རིམ་ལུགས་གཉིས་ཀྱི་ཐོག་ལས་ རྫོང་ཁའི་ཀུན་གསལ་གསར་ཤོག་བརྩིས་ཏེ་ གནས་ཚུལ་གསར་ཤོག་༩ དང་ སྒེར་གྱི་རེ་ཌིའོ་ལས་ཁང་༣ གྱི་ ཡོངས་འབྲེལ་འཆར་སྒོ་བཟོ་བཀོད་འབད་མི་ཚུ་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ གསར་བཏོན་འབད་ཡོདཔ་ད་ གནས་ཚུལ་གསར་ཤོག་ཚུ་ ཡོངས་འབྲེལ་འཆར་སྒོའི་ རྒྱུན་ལམ་གཅིག་གི་ཐོག་ལས་ ཐོབ་སྤྱོད་འབད་ཚུགས་ནི་ ཨིན་པའི་གནས་ཚུལ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *