གནས་ཚུལ་ཐོབ་དབང་བཅའ་ཁྲིམས་ ལོག་བཟོ་ནིའི་དོན་ལུ་ གཞི་རྩ་དགོཔ།

༉ གནས་ཚུལ་ལས་ཁང་དང་ མི་མང་ལས་ གནས་ཚུལ་ཐོབ་དབང་བཅའ་ཁྲིམས་བཟོ་ནིའི་དོན་ལུ་ དོན་སྨིན་ཅན་གྱི་ གཞི་རྩ་དང་ གནད་དོན་ཚུ་དགོ་པའི་ཁར་ ལས་ཁང་ཚུ་གིས་ འགན་ཁུར་འབག་དགོཔ་གལ་ཅན་ཅིག་ ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ ལྡོག་ཕྱོགས་ཚོགས་པ་དང་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་སྐྱོང་གི་ཕྱག་ལཱ་གནངམ་ད་ བཅའ་ཁྲིམས་ཀྱི་དོན་ལུ་ ཟིན་བྲིས་བཏབ་བཞག་མི་དེ་ གཞུང་སྐྱོང་༢ པའི་སྐབས་ གྲོས་གཞི་སྦེ་བཙུགས་ཏེ་ ཚོགས་ཁང་གིས་ ཆ་འཇོག་མཛད་གནང་ཡི་ཟེར་ཨིན་པས།
ཚོགས་འདུ་གིས་ གྲོས་ཐག་བཅད་ཞིནམ་ལས་ རྒྱལ་ཡོངས་ཚོགས་སྡེ་ལུ་ བཏང་ཡོདཔ་ད་ དེ་བསྒང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ གཞུང་འཛིན་བློན་ཆེན་༢ ཀྱི་བར་ན་ ལོ་རྒྱུས་ག་ཅི་ཡོད་ག་མ་ཤེས་ བཅའ་ཁྲིམས་ཆ་མེད་བཏང་ཡི་ཟེར་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ཚུ་གིས་ བཤདཔ་ཨིན་པས།
ལྡོག་ཕྱོགས་ཚོགས་པའི་འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ དམངས་གཙོའི་གཞུང་ དབུ་བརྙེསཔ་བཞིན་དུ་ གཞུང་སྐྱོང་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ གནས་ཚུལ་བསྡུ་བཀོདཔ་དང་ མི་སེར་ཡོངས་ལུ་ རྒྱབ་སྐྱོར་ཧྲིལ་བུམ་བྱིན་མི་གིས་ རྒྱལ་ཁབ་ནང་ ཁེ་ཕན་བྱུང་ལུགས་ཚུ་ ཤེས་རྟོགས་ཡོད་ཟེར་ཨིན་པས།
གནས་ཚུལ་ཐོབ་དབང་དཔྱད་ཡིག་མི་དགོ་ཟེར་བའི་ དོགས་པ་དང་ དགོཔ་ཁག་ཆེ་བའི་སྐོར་ ལོ་རྒྱུས་ཐོན་དགོཔ་མེད་མི་དེ་ཡང་ ཧེ་མ་ལས་ར་ གསུང་གྲོས་གནང་ཚར་ནི་དེ་གིས་ཟེར་ ཨིན་པས།
གཞུང་སྐྱོང་སྦེ་ཕྱག་ཞུ་བའི་སྐབས་ དཔྱད་ཡིག་བཟོ་མ་ཚུགསཔ་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ ལྡོག་ཕྱོགས་ཚོགས་པའི་ རྒྱབ་ལས་ཐོན་ཏེ་ དྲི་བ་བཀོད་ནི་དང་ གནས་ཚུལ་ཚར་ལེ་ཤ་ཅིག་ར་ བྲིས་ཡི་ཟེར་ཨིན་པས།
གཞུང་སྐྱོང་གཉིས་པ་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ གོ་སྐབས་ཐོབ་ཞིནམ་ལས་ གནས་ཚུལ་ཐོབ་དབང་དཔྱད་ཡིག་གུ་ ལོ་རྒྱུས་སྤུ་ཙམ་ཡང་ ཐོན་མ་བཏུབ་པའི་ཁར་ གནས་ཚུལ་བསྡུ་བཀོདཔ་དང་ མི་མང་ཚུ་ཡང་ ཁུ་སིམ་སི་སྦེ་ སྡོད་དགོཔ་བྱུང་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ཟེར་ཨིན་པས།
གནད་དོན་དེ་ལུ་བལྟ་བ་ཅིན་ གནས་ཚུལ་ཐོབ་དབང་དཔྱད་ཡིག་དེ་ མ་དགོཔ་བཟུམ་སྦེ་ མཐོངམ་ཨིན་རུང་ ད་རེས་ ལོག་སྟེ་ར་ དཔྱད་ཡིག་དེ་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་དོན་ལུ་ གསུང་གྲོས་གནང་དགོཔ་འོས་ལྡན་ཡོདཔ་ལས་ ལྡོག་ཕྱོགས་ཀྱིས་ རྒྱབ་སྐྱོར་མཛད་འོང་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་ཅི།
སྲིད་དོན་ནང་ བཅའ་མར་གཏོགས་འདོད་ཡོད་མི་ཚུ་ཡང་ རྒྱལ་ཁབ་ཀྱི་གནས་སྟངས་དང་ དགོས་མཁོ་བའི་བརྡ་དོན་ལུ་ གནས་ཚུལ་དགོ་པའི་ཁར་ ཚོང་རྐྱབ་རུང་ ལཱ་དང་ལས་རིམ་ འཆར་གཞི་ ག་ཅི་བརྩམ་རུང་ གནས་ཚུལ་ཚུ་ དགོ་དོ་ཡོདཔ་ལས་ རྒྱབ་སྐྱོར་གནང་ནི་ཟེར་ཨིན་པས།
པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གཞུང་སྐྱོང་སྦེ་ གཞུང་ལུ་ཕྱག་ཞུ་བའི་སྐབས་ རྒྱལ་ཁབ་ནང་ གནས་ཚུལ་ལས་ཁང་དང་ གནས་ཚུལ་བསྡུ་བཀོདཔ་ལེ་ཤ་ དར་ཁྱབ་སོང་རུང་ གཞུང་༢ པའི་སྐབས་ འབྲུག་གནས་ལུགས་ལས་ཁང་དེ་ སྒོ་བསྡམས་དགོཔ་བྱུང་ཡི་ཟེར་ཨིན་པས།
ད་ལྟོའི་ གཞུང་གི་སྐབས་ལུ་ བཅའ་ཁྲིམས་ལེ་ཤ་ཅིག་གུ་ གསུང་གྲོས་ཀྱི་ ཐོ་བཀོད་འབད་དེ་ཡོད་རུང་ གནས་ཚུལ་ཐོབ་དབང་དཔྱད་ཡིག་དེ་ ཐོ་བཀོད་ནང་མ་ཚུད་པས་ཟེར་ རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
སྐྱེངས་མཁར་ཝེ་རིང་ལ་འདེམས་ཁོངས་ཀྱི་འཐུས་མི་ རིག་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ གཞུང་སྐྱོང་དང་པའི་སྐབས་ མི་སེར་དང་ གཞུང་གི་བར་ན་ སྟབས་བདེཝ་དང་ མ་བདེཝ་ཡོད་པའི་སྐབས་ གནས་ཚུལ་བསྡུ་བསྒྲིགས་འབད་དེ་ དཀའ་ངལ་ཚུ་ བསལ་མི་ལུ་བལྟ་བ་ཅིན་ དབང་ཚད་ག་དེམ་ཅིག་ཡོདཔ་ཨིན་ན་ ཧ་གོ་ཚུགས་ཟེར་ཨིན་པས།
གཞུང་སྐྱོང་དང་པ་གིས་ གནས་ཚུལ་ལས་སྡེ་དེ་ ལྷན་སྡེ་༤ པ་སྦེ་ བཞག་ནི་ལུ་གཙོ་རིམ་བསྒྲིགས་ཡོདཔ་བཞིན་དུ་ ལཱ་ཚུ་ཡང་ ཕན་ནུས་ཅན་ཅིག་སྦེ་ ཕྱག་ཞུ་ཡོད་རུང་ གཞུང་སྐྱོང་༢ པ་ལས་འགོ་བཙུགས་ ད་ལྟོ་ཚུན་ བརྡ་བརྒྱུདཔ་ཚུ་གིས་ ཧེ་མ་བཟུམ་སྦེ་ ཕྱག་ལཱ་གནང་སར་ མ་མཐོང་ཟེར་ཨིན་པས།
གཞུང་ག་བྱོན་རུང་ མི་སེར་གྱི་སྟབས་མ་བདེཝ་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ གནས་ཚུལ་བྲིས་ཏེ་ གཞུང་ལུ་ དྲན་གསོ་ ཕུལ་ནིའི་འགན་འཁུར་ཚུ་ བརྡ་བརྒྱུདཔ་ཚུ་ལུ་ ཕོགཔ་ཨིན་ཟེར་ཨིན་པས།
དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དང་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་དང་ མོང་སྒར་ལུང་ཕྱོགས་གཙོ་ བསྟེན་སྨན་ཁང་ཚུ་ནང་ སྨན་བཅོས་འབད་མི་ འཕྲུལ་ཆས་ལངམ་སྦེ་མེད་པའི་ཁར་ སྨན་བཅོས་མཁས་མཆོག་ ཌོག་ཊར་མ་ལང་པའི་དཀའ་ངལ་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་བྱུང་མི་ཚུ་ལུ་བརྟེན་ ག་དེམ་ཅིག་ སྡུག་སྦྱོང་བྱིན་ཡོདཔ་ཨིན་ན་ འཕྲལ་དང་འཕྲལ་ར་ ཐབས་ལམ་དང་ གནས་སྐབས་ཚུ་བསྒྲིག་སྟེ་ གནས་ཚུལ་ཕུལ་དགོཔ་གལ་ཆེ་ཟེར་ རིག་འཛིན་རྒྱ་མཚོ་གིས་ བཤདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *