གནས་ཚུར་མདོར་བསྡུས།

ལྷུན་རྩེ་རྫོང་ཁག་ ཀུར་རི་རྡོ་བཞིའི་ ལོ་བསྟར་ཚེས་བཅུ་དེ་ རང་ཟླ་༡༡ པའི་ཚེས་༨ ལས་ཚེས་༡༢ ཚུན་ གནང་སྲོལ་ཡོད་རུང་ དུས་ཅི་ འཛམ་གླིང་ནང་ དར་ཁྱབ་སོང་ཡོད་མི་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ གཞུང་གིས་ མི་མང་སྤུངས་འཛོམས་འབད་མ་ཆོག་པའི་ བཀའ་རྒྱ་གནང་མི་དང་བསྟུན་ བོད་འཆམ་དང་ ཞབས་ཁྲ་སོགས་ག་ནི་ཡང་མེད་པར་དགེ་སློང་གི་སྐུ་འཆམ་ ཆ་ཚང་ཅིག་གནང་སྟེ་ ཚེས་༡༡ ལུ་ གུ་རུའི་མཐོང་གྲོལ་ ཞལ་ཕྱེས་ཞིནམ་ལས་ རབ་གནས་ཁྲུས་གསོལ་ཕུལ་ཏེ་ ཉིན་གྲངས་༤ འི་ལས་རིམ་ ཁ་ཙ་ འཇུག་བསྡུ་ཡོད་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *