གནམ་གཤིས་འགྱུར་བགྲོད་ཀྱིས་ འབྲུག་ལུ་ གནོད་ཉེན་སྦོམ་ཡོདཔ།

༉ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ལས་རོགསཔ་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ བདག་སྐྱོང་ལས་རོགསཔ་དང་ ཨེ་ཤི་ཡ་པེ་སི་ཕིག་གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ ལུང་ཕྱོགས་ལས་སྡེའི་མདོ་ཆེན་ ཀ་ནི་ ཝིག་ན་ར་ཇ་གིས་ སླབ་མིའི་ནང་ འཛམ་གླིང་ཚ་དྲོད་ཡར་འཕར་འགྱོ་མི་དེ་གིས་ ཁྱེགས་མཚོ་ཚུ་ རྦད་འགྱོ་ནིའི་ཉེན་ཁ་ཡོད་མི་དང་བསྟུན་ འབྲུག་ལུ་ཡང་ གནམ་གཤིས་འགྱུར་བགྲོད་ཀྱི་ ཉེན་ཁ་སྦོམ་སྦེ་ར་ འདུག་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ ཀ་ནི་ ཝིག་ན་ར་ཇ་གིས་ མོ་རའི་ཉམས་མྱོང་དང་ དམིགས་ཡུལ་ཚུ་ བཤད་མིའི་ནང་ གནམ་གཤིས་དང་འབྲེལ་བའི་ ལས་རིམ་ཆ་མཉམ་གྱིས་ འབྲུག་དང་གཅིག་ཁར་ འབད་དགོཔ་གངམ་ མིན་འདུག་ཟེར་ཨིན་པས།

མོ་གིས་ བློན་པོ་དང་ གཞུང་གི་ཆེ་རིམ་འགོ་དཔོན་ འབྲེལ་གཏོགས་ཅན་གྱི་ན་གཞོན་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་དཀའ་ངལ་དང་ གདོང་ལེན་ ཐབས་ལམ་ དཔལ་འབྱོར་གོང་འཕེལ་ དེ་ལས་ ལཱ་གཡོག་གི་སྐོར་ གྲོས་བསྟུན་འབད་མི་ཚུ་དང་ ཕྱད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཡོངས་ཁྱབ་དྲུང་ཆེན་ཞིབ་རོགསཔ་གིས་ བཤད་མིའི་ནང་ འཛམ་གླིང་སྤྱི་ཚོགས་དང་ འབྲུག་གིས་ མཉམ་རུབ་ཐོག་ལས་ ན་གཞོན་ཚུ་གི་དོན་ལུ་ གོ་སྐབས་ག་དེ་སྦེ་ བཟོ་དགོཔ་ཨིན་ན་དང་ ལཱ་འབད་ནིའི་སྐོར་ལས་ འབྲུག་གི་ཆེ་རིམ་འགོ་དཔོན་ཚུ་དང་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།

རྒྱལ་ཁབ་ཀྱིས་ འབད་ཚུགས་པའི་ལྕོགས་གྲུབ་དགོཔ་མ་ཚད་ མི་སྡེ་ཚུ་ལུ་ གོ་སྐབས་མངམ་བྱིན་ཏེ་ ཁོང་གི་ རེ་འདོད་དང་ དམིགས་ཡུལ་ཚུ་ འགྲུབ་བྱིན་པ་ཅིན་ ལཱ་གཡོག་གི་དོན་ལུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་དགོཔ་མི་འཐོན་ཟེར་ ཡོངས་ཁྱབ་དྲུང་ཆེན་ཞིབ་རོགསཔ་གིས་ བཤདཔ་ཨིན་པས།

འཕྲུལ་རིག་བསྒྱུར་བཅོས་འབད་མི་དེ་གིས་ འབྲུག་མི་ཚུ་གི་དོན་ལུ་ ལཱ་འཇམ་ཏོང་ཏོ་བཟོ་ཡོདཔ་བཞིན་དུ་ འབྲུག་གིས་ གསོ་བའི་ལས་སྡེ་ནང་ ལཱ་གི་གྲུབ་འབྲས་ཚུ་ ག་དེ་སྦེ་ ཐོན་དོ་ཡོདཔ་ཨིན་ནའི་ གྲོས་བསྟུན་ཚུ་ཡང་ འབད་ཡོདཔ་ཨིན་པས།

ཡོངས་ཁྱབ་དྲུང་ཆེན་ཞིབ་རོགསཔ་གིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ ལས་འགུལ་འགོ་འདྲེན་འཐབ་སའི་ས་གནས་ ཐིམ་ཕུག་དང་ སྤུ་ན་ཁ་ དེ་ལས་ དབང་འདུས་ལུ་ ལྟ་སྐོར་འབད་ཡོདཔ་བཞིན་དུ་ མོ་གིས་ འདས་པའི་ལོ་༣༠ འི་ཧེ་མར་ འབྲུག་ལུ་ ལྟ་སྐོར་འབད་ཡོད་པའི་གནས་ཚུལ།  

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *