གདས་ཚུལ་མདོར་བསྡུས།

སྤྱི་ཟླ་༩ པའི་ཚེས་༡༦ ལུ་ བཀྲིས་གཡང་རྩེ་ བཙན་མཁར་ལ་སློབ་གྲྭ་ལྟེ་བའི་ནང་ སྐྱ་བཏོག་ཐངས་ཀྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ རྫོང་ཁག་གི་ སློབ་གྲྭ་༢༨ ལས་ དབུ་འཛིན་དང་ སློབ་ཕྲུག་ དེ་ལས་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་འབདཝ་ད་ མི་གྲངས་༨༥ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

བཀྲིས་སྒང་ལས་ སྐྱ་བཏོག་མི་ ཨྱོན་དི་པག་གིས་ ཁས་བླངས་ཐོག་ལས་ སློབ་ཕྲུག་ཚུ་ལུ་ སྐྱ་བཏོག་ཐངས་དང་ གྱིམ་ཙི་ སྐྱ་གྱི་ མགུ་ཤད་ལག་ལེན་འཐབ་ཐངས་ཚུ་ སྟོན་བྱིན་ཡོདཔ་མ་ཚད་ སྐྱ་བཏོག་པའི་སྐབས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ཉེན་དང་ འདི་བཟུམ་མའི་ ལཱ་འབད་བ་ཅིན་ འབབ་ཁུངས་ཚུ་ཡང་ བཟོ་ཚུགས་པའི་སྐོར་ གསལ་བཤད་འབད་ནུག།

སྤྱི་ཟླ་༩ པའི་ཚེས་༡༥ ལུ་ བཀྲིས་གཡང་རྩེ་བཟོ་རིག་སྤེལ་ཁང་ནང་ཡང་ སྐྱ་བཏོག་ཐངས་ཀྱི་ སློབ་སྦྱོང་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ སྤྱི་ཟླ་༩ པའི་ཚེས་༡༧ ལུ་ རང་འབྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་༥༠ དེ་ཅིག་ལུ་ཡང་ སྦྱོང་བརྡར་བྱིན་ཡོད་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *