གཏན་མཛོད་ལམ་ལུགས་ ལེགས་ཤོམ་བཟོ་ཐབས་ལུ་ སྲིད་བྱུས་བཟོ་ཡོདཔ།

༉ རྒྱལ་ཡོངས་དཔེ་མཛོད་དང་ གཏན་མཛོད་ཁང་གིས་ གཏན་མཛོད་ཚུ་ ཉམས་སྲུང་འབད་ནི་དང་ ཡར་དྲག་གཏང་ཐོག་ལས་ ཡུན་བརྟན་བཞག་ནིའི་དོན་ལུ་ གཏན་མཛོད་ཀྱི་ སྲིད་བྱུས་ཟིན་བྲིས་བཏབ་སྟེ་ གཞུང་ལུ་ གྲོས་འཆར་ཕུལ་ནུག།
ད་རེས་ ཡིག་ཚང་གི་ ཡིག་སྣོད་ཚུ་ནང་ ཚར་གཅིག་ལག་ལེན་འཐབ་ཞིནམ་ལས་ ཡིག་ཆ་ཚུ་ ལེགས་ཤོམ་སྦེ་ མ་བཞག་པར་ ཡོད་པའི་ཁར་ གཏན་མཛོད་འཛིན་སྐྱོང་ལམ་ལུགས་མེད་ནི་དེ་གིས་ ཡལ་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ སྲིད་བྱུས་བརྩམ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་ཡོངས་དཔེ་མཛོད་ཁང་གི་ གཏན་མཛོད་གཙོ་འཛིན་འགོ་དཔོན་ ཀུན་བཟང་བདེ་ལེགས་ཀྱིས་ སླབ་མིའི་ནང་ ད་ཚུན་ གཞུང་དང་ ལས་སྡེ་ག་རའི་ནང་ ཐོ་འཛིན་སྐྱོ་དྲགས་སྦེ་ བཞག་མི་ལུ་བརྟེན་ རྒྱལ་ཁབ་ནང་ ཐོ་བཀོད་འཛིན་སྐྱོང་ལམ་ལུགས་མེད་ནི་དེ་གིས་ སྲིད་བྱུས་དེ་ གལ་གནད་ཅན་ཅིག་ མཐོང་ཡོདཔ་བཞིན་དུ་ སྲིད་བྱུས་དེ་ ཟིན་བྲིས་མ་བཏབ་པའི་ཧེ་མར་ གཏན་མཛོད་ཀྱི་སྐོར་ལས་ བརྟག་ཞིབ་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ལས་ ཁག་ཆེ་བའི་ཡིག་ཆ་ཚུ་ གཏན་མཛོད་ནང་ བཙུགས་མ་བཞག་པ་ཅིན་ ཤུལ་ལས་ འཚོལ་ཐོབ་པར་ ལཱ་ཁག་གཏང་འོང་ཟེར་ཨིནམ་ད་ གལ་སྲིད་ སྲིད་བྱུས་དེ་ ཆ་འཇོག་འགྲུབ་པ་ཅིན་ ལྷན་ཐབས་སྦོམ་འབྱུང་ཚུགས་པའི་ཁར་ གཞུང་དང་ ལས་སྡེ་ཚུ་ནང་ ཐོ་འཛིན་འགོ་དཔོན་རེ་ བཙུགས་ནི་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་དཔེ་མཛོད་ཁང་གིས་ རྫོང་ཁག་ཚུ་ལས་ཕར་ རྒྱལ་ཡོངས་གཏན་མཛོད་བརྟག་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ རྫོང་ཁག་༢ འབད་ཚར་ཡོདཔ་ད་ དེ་གིས་ གཏན་མཛོད་བཞག་ཐངས་ཚུ་ ཤེས་ཚུགས་ནི་ཨིན་པས།
ཀུན་བཟང་བདེ་ལེགས་ཀྱིས་ བཤད་མིའི་ནང་ གཏན་མཛོད་དེ་ གལ་ཅན་ཨིན་མི་དེ་ཡང་ འཛམ་གླིང་ནང་ གཏན་མཛོད་དེ་ དྲན་ཚོར་དང་ ཤེས་ཡོན་གྱི་ མཛོད་ཁང་ཅིག་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ལས་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ཨིན་པས།
དེ་མ་ཚད་ ལམ་སྲོལ་ཚུ་ གཏན་མཛོད་ཐོག་ལས་ ཉམས་སྲུང་འབད་བ་ཅིན་ རྒྱལ་ཁབ་ཀྱི་ངོ་རྟགས་དེ་ བདག་འཛིན་འཐབ་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ བྱུང་ཚུགས་པའི་ཁར་ རྒྱལ་ཁབ་ཀྱི་ རང་བཙན་བདག་འཛིན་འབད་ཚུགས་ཟེར་ཨིན་པས།
གཙོ་འཛིན་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྲིད་བྱུས་ནང་ ལམ་སྲོམ་མི་ཉམས་གོང་འཕེལ་གཏང་ནི་དང་ གཞུང་སྐྱོང་ལེགས་ལྡན་༢ ལུ་ གཙོ་རིམ་བཟུང་སྟེ་ ཡོད་ཟེར་ཨིན་པས།
རྒྱལ་ཁབ་གཞན་ཁར་ ལོ་ངོ་༢༠ དང་༣༠ གི་ཤུལ་ལས་ གཏན་མཛོད་འབད་མི་ ལེ་ཤ་ཡོད་རུང་ དམིགས་བསལ་དུ་ ལོ་༡༥ ལུ་ མར་ཕབ་འབད་མི་དེ་ཡང་ ད་ཚུན་ རྒྱལ་ཁབ་ནང་ ཐོ་བཀོད་འཛིན་སྐྱོང་ལམ་ལུགས་ ལེགས་ཤོམ་ཅིག་ མེད་ནི་དེ་གིས་ཨིན་པས།
སྲིད་བྱུས་དང་འཁྲིལཝ་ད་ རྫོང་དང་ ལྷ་ཁང་ དགོན་སྡེ་ དེ་ལས་ མི་སྡེ་ལྷ་ཁང་ལ་སོགས་པ་ཚུ་གིས་ རྒྱལ་ཡོངས་གཏན་མཛོད་ཀྱི་ ལམ་སྟོན་དང་ བྱ་རིམ་དང་འཁྲིལ་ཏེ་ ཉམས་སྲུང་འབད་དེ་ བཞག་དགོ་ཟེར་ཨིན་པས།
སྲིད་བྱུས་དང་འཁྲིལཝ་ད་ མི་མང་ཡིག་ཚང་གི་ འགོ་དཔོན་ཅིག་གིས་ རྒྱལ་ཡོངས་གཏན་མཛོན་ཚུ་ ལོ་བསྟར་སྙན་ཞུ་དང་ རྩིས་ཁྲ་ འཆར་གཞི་ལ་སོགས་པ་ཚུ་ ཉིན་གྲངས་༣༠ གི་ནང་འཁོད་ལུ་ རྒྱལ་ཡོངས་གཏན་མཛོད་མ་ཚད་ འབྲུག་འགྲེམ་རང་སྐྱོང་ལས་འཛིན་གྱིས་ འགྲེམ་རྟགས་གསརཔ་དང་ འགྲེམ་ཤོག་ཚུ་ཡང་ བཙུགས་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *