གཅན་གཟན་སྟག་གིས་ བོའུ་ཅུང་འཚའ་ནི་ཡོད་མི་ ནོར་ཅིག་བསད་ཡོདཔ།

༉ ཀྲོང་གསར་ སྐོར་ཕུག་རྒེད་འོག་ ནབ་སྦྱིས་གཡུས་ཚན་དང་ གཅན་གཟན་སྟག་གིས་ བོའུ་ཅུང་འཚའ་ནི་ཡོད་མི་ ནོར་ཅིག་ གཡུས་ཁ་ལས་ མི་ཊར་༥༠ དེ་ཅིག་གི་ས་ཁར་ བསད་ཡོདཔ་ཨིན་པས།

གཡུས་ཀྱི་ཉེ་འདབས་ལུ་ སྟག་གིས་ ནོར་ལུ་གནོདཔ་བཀལ་མི་དེ་ འགོ་དང་པ་ཨིནམ་ད་ ཁ་ཙ་ སྟག་དང་ གཟིག་༢ ཆ་ར་གིས་ ནོར་ཚུ་ལུ་ གནོདཔ་བཀལ་ཡོདཔ་ཨིན་པས།

ཚོགས་པ་འཕྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ནབ་སྦྱིས་སྐོར་ཕུག་ལུ་ ཧེ་མ་ལས་ སྟག་གི་ ནོར་ཚུ་བསད་དོ་ཡོདཔ་ཨིན་རུང་ དེ་ཚུ་ག་ར་ གཡུས་ཁ་ལས་ ཐག་རིང་སར་ ཚལ་མ་ནང་ཨིན་ཟེར་ཨིན་པས།

ཁ་ཙ་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ ནོར་ཅིག་སྐད་ཤོར་ཏེ་ འཇོ་བདག་བལྟ་བར་འགྱོ་བའི་སྐབས་ གཅན་གཟན་གཟིག་ཅིག་གིས་ ནོར་ལུ་གནོདཔ་བཀལ་ཡོདཔ་ལས་ ཁོ་གི་ རྡོ་བླུགས་ཏེ་ གཟིག་དེ་ བདའ་བཏང་ཡོདཔ་ད་ ནོར་དེ་གི་ རྣམ་ཅོ་ཅིག་ བཏོགས་བཏང་ནུག་ཟེར་ཨིན་པས།

མི་ཚུ་གིས་ སྐད་རྐྱབ་མི་ལུ་བརྟེན་ ཉེ་འདབས་ལུ་ སྟག་གིས་ ནོར་ལུ་གནོདཔ་བཀལ་མི་དེ་ཡང་ སོང་ཡོདཔ་སྦེ་ཨིནམ་ད་ ས་གནས་ནང་ སྟག་གི་རྐང་རྗེས་ཆེ་ཆུང་༢ ཡོདཔ་ལས་ སྟག་སྦོམ་ཅིག་དང་ ཕྱུག་གུ་ཅིག་ཡོད་པའི་ མངོན་རྟགས་བྱུང་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *