གཅན་གཟན་སྟག་གིས་ ནོར་བསད་རུང་ རྒུད་འཐུས་མ་འཐོབ་པར་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༦ ལུ་ ཀྲོང་གསར་ནུབ་སྦིས་རྒེད་འོག་ ལྗོངས་ཐང་ལུ་ གཅན་གཟན་སྟག་གིས་ གླང་༡ བསད་ཡོདཔ་མ་ཚད་༢ སོ་བཏབ་སྟེ་ ནདཔ་བཏོན་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ནདཔ་བཏོན་ཡོད་མི་ རྟ་༡ ཡང་ ཤི་ནི་བཟུམ་སྦེ་ཡོདཔ་སྦེ་ཨིན་པས།

ག་སྒར་དཀར་གཞོང་གི་ཚོགས་པ་གིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༡ ལས་ ད་ལྟོ་ཚུན་གྱི་བར་ན་ ཁོ་གི་སྤྱི་འོག་ནང་ གཅན་གཟན་སྟག་གིས་ ནོར་༧ དེ་ཅིག་ བསད་ཡི་ཟེར་ཨིན་པས།

ད་རུང་ ནོར་ལེ་ཤ་ཅིག་ར་ འཚོལ་མ་འཐོབ་པར་ཡོད་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ སྙན་ཞུ་མ་འབད་མི་ ལེ་ཤ་ཡོད་ཟེར་ཨིན་པས།

ཚོགས་པ་ལུ་ སྙན་ཞུ་འབད་མི་ཚུ་གིས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ཡང་ སྙན་ཞུ་འབད་དོ་ཡོདཔ་བཞིན་དུ་ སེམས་ཅན་གྱི་ ཇོ་བདག་ཚུ་གིས་ སྙན་ཞུ་མ་འབད་བར་བཞག་མི་དེ་ཡང་ གལ་སྲིད་ སྙན་ཞུ་འབད་རུང་ རྒུད་འཐུས་སོགས་ ག་ནི་ཡང་ འཐོབ་ནི་མེད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།

ས་གནས་ཀྱི་མི་ཚུ་གིས་ བཤད་མིའི་ནའི་ ན་ཧིང་ སྦྱིས་ཟམ་ལུ་ གཅན་གཟན་སྟག་གི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ སེམས་གསོ་བཟུམ་ཅིག་སྦེ་ འཐུས་དུམ་གྲ་རེ་ བྱིན་མི་དེ་མ་གཏོགས་ དེ་ལས་ཚུར་ ག་ནི་ཡང་ མ་འཐོབ་ཟེར་ཨིན་པས།

སྟག་གི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ ཉེན་བཅོལ་ལས་རིམ་ཅིག་ འགོ་བཙུགས་ནི་ཨིན་ཟེར་ སླབ་ཡོད་རུང་ ད་ལྟོ་ཚུན་ ག་ནི་ཡང་ མ་འབད་ཟེར་ཨིན་པས།

ཤེས་རྟོགས་བྱུང་མིའི་ནང་ ད་རེས་ ས་གནས་ནང་ གཅན་གཟན་སྟག་༢ དེ་ཅིག་ཡོད་པའི་ ཚོད་དཔག་འབད་མི་དེ་ཡང་ སྟག་གི་རྐང་རྗེས་ ཆེ་ཆུང་༢ མཐོང་ནི་དེ་གིས་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *