༉ བུམ་ཐང་ལུ་ ཉིན་གྲངས་༤ གི་རིང་ འགོ་འདྲེན་འཐབ་མི་ འཁྲུན་ཆོད་འབྲི་ཐངས་དང་ རྩོད་དོན་འཛིན་སྐྱོང་ལམ་ལུགས་ཀྱི་ སྦྱོང་བརྡར་ལས་རིམ་དེ་ ཁ་ཙ་ མངོན་མཐོ་ཁྲིམས་འདུན་གྱི་ ཐོ་འཛིན་ཡོངས་ཁྱབ་ དྲང་དཔོན་ཚེ་རིང་རྡོ་རྗེ་གིས་ འགོ་འབྱེད་འབད་ཡི།
སྦྱོང་བརྡར་ལས་རིམ་དེ་ཡང་ དབུས་ཕྱོགས་རྫོང་ཁག་ཚུ་གི་ དྲང་དཔོན་དང་ རྩོད་དྲུང་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ སྦྱོང་བརྡར་དེ་ནང་ དྲང་དཔོན་དང་ དྲང་དཔོན་རབ་འབྱམས་ རྩོད་དྲུང་༤༠ དེ་ཅིག་གིས་ བཅའ་མར་གཏོགས་ཏེ་འདུག།
ནུབ་ཕྱོགས་ལུང་ཕྱོགས་ཀྱི་དོན་ལུ་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་ད་ ཤར་ཕྱོགས་ལུང་ཕྱོགས་ཀྱི་དོན་ལུ་ མོང་སྒར་ལུ་སྦེ་ རེས་གཟའ་མིག་དམར་ལས་ འགོ་བཙུགས་ནི་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ཡང་ མངོན་མཐོ་ཁྲིམས་འདུན་དང་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་གི་དོན་ལུ་ ཨཱསི་ཊི་ཡཱན་གོང་འཕེལ་མཉམ་འབྲེལ་ལས་སྡེ་གིས་ མ་དངུལ་རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

ཁྲིམས་སྡེའི་དྲང་དཔོན་དང་ རྩོད་དྲུང་ཚུ།