གའུ༌ཏར༌གཡུས༌ཚན་ནང་ ཁྱིམ་གུང་༣ གྱི་ མི་སེར་ཚུ་ ཉེན༌སྐྱོབ༌ཀྱི་དོན་ལུ་ དྲུང་ཁག་བདག་སྐྱོང་དང་ ཁས་བླངས་པ་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ ཉེན་སྲུང་གི་ ས་ཁོངས་ནང་ སྤོ་བཤུད་འབད་བའི་བསྒང་།

ཁྱིམ་ཚུ་ ཉེན་སྲུང་ལྡན་པའི་ ས་ཁོངས་ནང་སྤོ་བཤུད།

༉ འདས་པའི་ཉིནམ་དག་པ་ཅིག་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ དར་དཀར་ནང་ལྷ་མོའི་རྫིང་ཁ་དྲུང་ཁག་ ཀ་ལི༌ཁོ༌ལ༌གཙང་ཆུའི་ ཉེ༌འདབས༌ལུ༌སྡོད༌མི༌ མི༌སེར༌ཚུ༌ འདྲོག༌བྱེལ་འཐབ༌དགོཔ༌ བྱུང༌ཡོདཔ ༌ཨིན༌པས།
སྤྱི་ཟླ་༧ པའི་ཚེས་༢༣ ལུ་ གའུ༌ཏར༌གཡུས༌ཚན་ནང་ ཁྱིམ་གུང་༣ གྱི་ མི་སེར་ཚུ་ ཉེན༌སྐྱོབ༌ཀྱི་དོན་ལུ་ དྲུང་ཁག་བདག་སྐྱོང་དང་ ཁས་བླངས་པ་ཚུ་གི་ རྒྱབ་སྐྱོར་ཐོག་ལས་ ཉེན་སྲུང་གི་ ས་ཁོངས་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
ལྷ་མོ་རྫིང་ཁའི་དྲུང་པ་ བཀྲིས་རྒྱལ་མཚན་གྱིས་ སླབ་མིའི་ནང་ གཙང་ཆུ་བྲེས་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ འདི་བཟུམ་མའི་ གནོད་ཉེན་འབྱུང་ནི་ཡོད་ཟེར་ཨིནམ་ད་ གནམ་བྱཱར་ཨ་རྟག་ར་ མི་སེར་ཚུ་ རྐྱེན་ངན་ལས་ བཀག་ཐབས་ལུ་ ཐབས་ཤེས་བཏོན་དོ་ཟེར་ཨིན་པས།
དྲུང་པ་གིས་འབད་བ་ཅིན་ ཁྱིམ་༡ ཉེན་སྲུང་དང་ལྡན་པའི་ ས་ཁོངས་ནང་ སྤོ་བཤུད་འབད་ཡི་ཟེར་ཨིན་པས།
ལྷ་མོའི་རྫིང་ཁ་རྒེད་འོག་ སེབ་སོ་ནི་ཚོགས་པ་ རོ་ཧིཊ་ ཀོའི་ར་ལ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ ཁྱིམ་ནང་ལྷོད་པའི་སྐབས་ ཁྱིམ་གྱི་ནང་ན་ གཙང་ཆུའི་རག་རོ་ཚུ་ འཛུལ་ཡོདཔ་བཞིན་དུ་ མ་གཞི་ གནོད་སྐྱོན་སྦོམ་ཅིག་ མ་བྱུང་རུང་ ཁྱིམ་རྐྱབ་ནིའི་དོན་ལུ་ བྱེམ་དང་ རྡོ་ དེ་ལས་ རྡོ་རུག་བསགས་བཞག་མི་ཚུ་ འཕྱགས་བདའ་ནུག་ཟེར་ཨིན་པས།
འདས་པའི་ཟླཝ་ལས་ གནམ་བྱཱར་གྱི་ དུས་ཚོད་འགོ་བཙུགསཔ་ད་ རྐྱེན་ངན་འབྱུང་ཉེན་ཡོདཔ་ལས་ རྒེད་འོག་བདག་སྐྱོང་གིས་ མི་སེར་ཚུ་ལུ་ ཁོང་རའི་ཁྱིམ་ནང་ ཟླཝ་༡ དེ་ཅིག་ སྡོད་ནི་ལས་ འཛེམ་དགོཔ་སྦེ་ བརྡ་དོན་སྤྲོད་དེ་ཡོད་ཟེར་ རོ་ཧིཊ་ ཀོའི་ར་ལ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ར་ ལྟ་རྟོག་འབད་དེ་ ཚད་འཛིན་འབད་ཚུགས་ཏེ་ ཡོདཔ་མ་ཚད་ ད་ཚུན་ མི་ལུ་གནོད་སྐྱོན་བྱུང་ཡོད་པའི་ སྙན་ཞུ་མ་ལྷོད་ཟེར་ བཤདཔ་ཨིན་པས།
སྐྱེས་ལོ་༥༣ ལང་མི་ བར་མིཊ་ལེབ་ཅ་གིས་ སླབ་མིའི་ནང་ ས་གནས་ཀྱི་ མི་སེར་ཚུ་གིས་ འདས་པའི་ལོ་༣ གྱི་ ཧེ་མ་ལས་ རྒེད་འོག་བདག་སྐྱོང་ལུ་ ཉེན་སྲུང་གི་ གྱང་རྩིག་རྐྱབ་དགོ་པའི་ ཞུ་བ་འབད་ཡི་ཟེར་ཨིན་པས།
གནམ་བྱཱར་གྱི་ དུས་ཚོད་མང་ཤོས་ནང་ར་ དགེ་འདུ་ལས་ ལྷ་མོའི་རྫིང་ཁ་གི་ འཁོར་ལམ་དེ་ བསུབ་དོ་ཡོད་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་མི་ཚུ་ ཀ་ལི་ཁོ་ལའི་ གཙང་ཆུ་སྦོམ་ཐལ་མི་ལས་ བརྒལ་འགྱོ་དགོཔ་ བྱུང་དོ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *