མེ་-ཨའེ་སྒེར་སྡེ་ཚད་འཛིན་གྱི་ ཐོན་སྐྱེད་ཚུ་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་མི་དང་པ་ཨིན་མི་ ཉིན་ཟླ་སྒྲོལ་མ་གིས་ འགོ་འབྱེད་འབདཝ་དང་འབྲེལ་ ཚོང་མགྲོན་པ་༡ པམ་ལུ་ ཐོན་སྐྱེད་རྩིས་སྤྲོད་འབད་བའི་བསྒང་།

ཁྱིམ་ནང་གི་ མཁོ་ཆས་ཚུ་ སྤྲོད་རིམ་ཐོག་ལས་ འཐོབ་ཚུགས་ནི།

༉ ནད་ཡམས་ཀོ་བིཌ་-༡༩ འི་སྐབས་ལུ་ ཁྱིམ་ནང་གི་ མཁོ་ཆས་ཉོ་མ་ཚུགས་པའི་ དཀའ་ངལ་བྱུང་མི་ཚུ་ལུ་ དངུལ་འབྲེལ་ལས་ཁང་ལས་ སྐྱིན་འགྲུལ་ལེན་མི་ལུ་ སྐྱིན་ཚབ་བཏབ་དོ་བཟུམ་སྦེ་ སྒེར་གྱི་ཚོང་སྡེ་གསརཔ་ཅིག་གིས་ རིམ་སྤྲོད་མཐུན་རྐྱེན་ཅིག་ འགོ་བཙུགས་མི་དེ་ཡང་ ཁྱིམ་ནང་གི་ཅ་ཆས་ དཔེར་ན་ ཁྱེགས་སྒྲོམ་དང་ གོ་ལ་ཆུ་འཁྱུ་ནིའི་འཕྲུལ་ཆས་ རྒྱང་མཐོང་ཊི་བི་ ལེབ་ཊོབ་ཀམ་པུས་ཊར་ དེ་ལས་ འཕྲུལ་འཕྲིན་ལ་སོགས་པ་ཚུ་ འགོ་ཐོག་སྐབས་ རིན་དངུལ་བརྒྱ་ཆ་༡༠ སྤྲོད་དེ་ ཉོ་ནི་འཐོབ་ཨིན་པས།

ད་ལྟོ་ ཚོང་སྡེ་དེ་ འགོ་བཙུགས་ཀྱི་ གནས་རམ་ནང་ཨིནམ་ལས་ ཚོང་ཉོ་ནིའི་ ཚད་གཞི་དེ་ མཐོ་ཤོས་དངུལ་ཀྲམ་༡༠༠,༠༠༠ དང་ དམའ་ཤོས་དངུལ་ཀྲམ་༡༠,༠༠༠ སྦེ་ བཞག་ཡོདཔ་ད་ ཚོང་མགྲོན་པ་ཅིག་གིས་ གདམ་ཁ་རྐྱབ་མི་ མཁོ་ཆས་ལུ་ རིན་གོང་བརྒྱ་ཆ་༡༠ སྐྱེལ་སྤྲོད་འབད་བའི་སྐབས་ སྤྲོད་དགོཔ་ཨིན་རུང་ རིན་གོང་ལྷན་ལུས་དེ་ ཟླཝ་༡༢ ཀྱི་རིང་ ཟླ་རིམ་བཞིན་དུ་ སྤྲོད་རིམ་དང་འཁྲིལ་ ཚོང་སྡེ་ལུ་ སྤྲོད་དགོཔ་ཨིན་པས།

དེ་འབདཝ་ད་ མཐུན་རྐྱེན་དེ་ སྤྱོད་ནིའི་དོན་ལུ་ ཚོང་མགྲོན་པ་རེ་གིས་ རྒྱབ་མི་༢ བཙུགས་དགོ་མི་དེ་ཡང་ གལ་སྲིད་ ཚོང་ཉོ་མི་དེ་གིས་ ཁ་ཚིག་གྲུབ་པའི་ སྤྲོད་རིམ་དང་འཁྲིལ་ དངུལ་འབོར་སྤྲོད་མ་ཚུགས་པ་ཅིན་ རྒྱབ་མི་༢ ཀྱིས་ སྤྲོད་དགོ་ཟེར་ སྤྱི་ཟླ་༥ པའི་ཚེས་༢༢ ལུ་ ཐིམ་ཕུག་ལུ་ ཐོན་སྐྱེད་འགོ་འབྱེད་འབད་མི་ མེ་-ཨའེ་སྒེར་སྡེ་ཚད་འཛིན་༼MAY-I Pvt Ltd༽ གཞི་བཙུགས་འབད་མི་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *