ཁྱད་གཡོག་གི་ ལཱ་འབད་མི་ ན་གཞོན་ཚུ་ མ་འོངས་པའི་ འགོ་ཁྲིདཔ་དྲག་ཤོས་བཟོ་ནིའི་ཐབས་ལམ།

༉ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕུན་ཚོགས་གླིང་ལུ་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་བྱུས་སྤེལ་ཁང་ནང་ གཞི་རྟེན་འགོ་ཁྲིད་ལས་རིམ་དང་པའི་ནང་ བཅའ་མར་གཏོགས་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
གཞི་རྟེན་འགོ་ཁྲིད་ལས་རིམ་དེ་ ཁྱད་རིག་ལཱ་གི་ འཛུལ་ཞུགས་གནས་རིམ་ནང་ཡོད་མི་ ལས་གཡོགཔ་ཚུ་ལུ་ དམིགས་གཏད་བསྐྱེད་པའི་ ལས་རིམ་གསརཔ་ཅིག་ཨིནམ་ད་ ལས་རིམ་གྱི་ དམིགས་ཡུལ་གཙོ་བོ་ར་ ན་གཞོན་ཁྱད་རིག་གི་ ལཱ་འབད་མི་ཚུ་ལུ་ ཁྱད་ལཱ་དང་འབྲེལ་བའི་ གོམས་འདྲིས་སློབ་སྦྱོང་བྱིན་ནི་དང་ ཚགས་ཁར་ཚུདཔ་བཟོ་ནི་ རིག་རྩལ་གོང་འཕེལ་གཏང་ནི་ བསམ་སྤྱོད་ལེགས་བསྒྱུར་ཐོག་ མ་འོངས་པའི་ འགོ་ཁྲིདཔ་དྲག་ཤོས་བཟོ་ཐབས་ལུ་ཨིན་པས།
དུས་ཡུན་བདུན་ཕྲག་༤ གི་རིང་ སྦྱོང་བརྡར་བྱིནམ་ད་ བཅའ་མར་གཏོགས་མི་ཚུ་གིས་ རྒྱལ་འཛིན་གཞུང་སྐྱོང་དང་ ཐབས་བྱུས་སྤེལ་ནང་ བདུན་ཕྲག་གསུམ་གྱི་རིང་ འབྲུག་རྒྱལ་ཁབ་དང་འབྲེལ་བའི་ གནད་དོན་ཚུ་གི་ ཤེས་རྟོགས་དང་ ཡིད་ཆེས་གོང་འཕེལ་གི་ ཐབས་ལམ་ཚུ་ ལྷབ་ཡོདཔ་མ་ཚད་ མི་མང་གི་ ཞབས་ཏོག་སྒྲུབ་ནིའི་དོན་ལུ་ གཞི་རྟེན་འགོ་ཁྲིད་པའི་ རིག་རྩལ་དང་ འབྲེལ་ཡོད་ཐབས་རིག་ཚུ་ ལྷབ་སྦྱང་འབད་ནུག།
དེ་ལས་ ལག་ལེན་དངོས་བསྟར་དང་འབྲེལ་བའི་ བདུན་ཕྲག་༡ གི་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ ཆུ་ཁ་རྫོང་ཁག་གི་ གཡུས་ཚན་ཅིག་ནང་ ཁྱིད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་བཞུགསཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དོ་སྐྱེལ་བཞག་གི་ ས་ཁོངས་དང་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ ཕུན་ཚོགས་གླིང་ལུ་འཛུལ་སའི་ སྒོ་ར་༢ པ་ དེ་ལས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ སྡོད་ཁྱིམ་ས་ཁོངས་ནང་ གཟིགས་ཞིབ་གནང་ཡོད་པའི་གནས་ཚུལ།

About admin

Check Also

གློག་ཤུགས་ཀྱིས་ ཆུ་མིག་ཐང་གི་ སློབ་ཕྲུག་ཅིག་འཚིགས་ཡོདཔ།

༉ སྐྱེས་ལོ་༡༤ ལང་མི་ ཆུ་མིག་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཅིག་ གློག་མེ་གིས་ ཤུགས་འབད་ར་ འཚིགས་པའི་ཤུལ་ལས་ ད་ལྟོ་ ཕུན་ཚོགས་གླིང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས། རྐྱེན་ངན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ …

Leave a Reply

Your email address will not be published. Required fields are marked *