ཁོ་སོ་འུང་ལུ་ འཛུགས་སྐྱོང་འབད་མི་ ཚོད་བསྲེ་ཚུ།

ཁོ་སོ་འུང་ལུ་ འཛུགས་སྐྱོང་འབད་མི་ ཚོད་བསྲེའི་རིགས་ཚུ་ ཧ་ལམ་ ཐོན་སྐྱེད་འབད་རན་ཡོདཔ།

༉ ཁམས་དྭངས་དམངས་མི་ སངས་རྒྱས་བསྟན་པ་དང་ ཁོ་རའི་བུ་༣ གྱིས་ ས་གནས་ཁོ་སོ་འུང་ལུ་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་འབད་ཡོདཔ་བཞིན་དུ་ ཚོད་བསྲེ་ཚུ་ ཧ་ལམ་ ཐོན་སྐྱེད་འབད་ནིའི་ དུས་ཚོད་རན་ཏེ་འདུག།

དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ འི་ གནས་སྟངས་ལུ་བརྟེན་ གཞུང་གིས་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འབད་མི་དང་བསྟུན་ ཁོང་བཟའ་ཚང་ཚུ་གིས་ ཚོང་འབྲེལ་གྱི་དོན་ལུ་ ས་ཞིང་ཨེ་ཀར་༡༢ དེ་ཅིག་ནང་ ཚོད་བསྲེ་སྒོགཔ་དང་ ཨེ་མ་ཚུ་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།

ཨེ་ཀར་༡༢ ནང་ ཚོད་བསྲེ་མང་ཤོས་ར་ སྒོགཔ་དང་ ཨེ་མ་ཚུ་ འཛུགས་སྐྱོང་འབད་ཡོདཔ་ད་ ཚོད་བསྲེའི་སོན་དང་ གཞན་མི་རྒྱབ་སྐྱོར་ཚུ་ རྫོང་ཁག་དང་ རྒེད་འོག་སོ་ནམ་སྡེ་ཚན་གྱིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ས་གནས་ཁོ་སོ་འུང་དེ་ དོག་གསུམ་ཁྲོམ་ལས་ ཀི་ལོ་མི་ཊར་༢ ལྷགཔ་ཅིག་གི་ས་ཁར་ གུ་རུ་རིན་པོ་ཆེའི་གནས་ གུང་ཇ་གནས་ཟེར་ ཡོངས་གྲགས་ལུ་ གོང་ཟ་གནས་ནང་འགྱོ་སའི་ ལམ་ཁར་ཡོདཔ་ཨིན་པས།

ས་ཞིང་དེ་ནང་ ལོ་ངོ་བཅུ་ཕྲག་༣ ལྷགཔ་ཅིག་ ནགས་ཤིང་ཚུ་ ར་འབལ་གཏང་ནིའི་དོན་ལུ་ འཕྲུལ་གླང་པ་ཝར་ཊི་ལར་བཙུགས་རུང་ དེ་གིས་འབད་མ་ཚུགས་པར་ ས་རྐོ་འཕྲུལ་ཆས་ ལག་ལེན་འཐབ་ཡོདཔ་ཨིན་པས།

སངས་རྒྱས་བསྟན་པ་གི་ བུ་༣ ལུ་ ལཱ་གཡོག་མེད་པའི་ཁར་ ནད་ཡམས་ལུ་བརྟེན་ བུ་སྦོམ་ཤོས་དེ་ ཀུ་ཝེཌ་རྒྱལ་ཁབ་ལས་ ལོག་འོང་ཡོདཔ་ད་ ས་ཞིང་ནང་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་འབད་དེ་ འོང་འབབ་བཟོ་ནིའི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།

རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོད་པ་རྐྱབ་ནིའི་ཉེན་ཁ་ཡོདཔ་ལས་ ཨ་རྟག་ར་ ལོ་ཐོག་བསྲུང་མི་ཅིག་དགོཔ་ལས་ ཁོང་བཟའ་ཚང་ཚུ་གིས་ མི་ཅིག་བཙུགས་ཡོདཔ་ད་ ས་གནས་ནང་ སྡོད་སའི་སྦ་སྒོར་ཅིག་ཡང་ རྐྱབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *