སྒོམ་དར་སྡེ་ཚན་གྱིས་ ཆ་རོགས་ལུ་ འབའ་གཏད་པའི་བསྒང་།

ཁུ་རུའི་འགྲན་བསྡུར་ནང་ སྒོམ་དར་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༢༢ ལུ་ བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེ་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་འཐབ་མི་ ཁུ་རུའི་འགྲན་བསྡུར་ནང་ སྒོམ་དར་དང་ མར་ཚ་ལ་ བསམ་གྲུབ་ལྗོངས་མཁར་སྡེ་ཚན་༣ གྱི་བར་ན་ ཁུ་རུའི་ཐག་བཅད་འགྲན་བསྡུར་ རྩེད་འགྲན་འབད་བའི་སྐབས་ སྒོམ་དར་སྡེ་ཚན་གྱིས་ སྐུགས་༩ ཐོབ་སྟེ་ རྒྱལ་ཁ་ཐོབ་ཅི།
ཉིན་གྲངས་༢ ཀྱི་ འགྲན་བསྡུར་དེ་ནང་ ཕུན་ཚོགས་གླིང་དང་ བཀྲིས་སྒང་ བསམ་གྲུབ་ལྗོངས་མཁར་ བསམ་རྩེ་ པདྨ་དགའ་ཚལ་ཚུ་ལས་ སྡེ་ཚན་༥༡ གིས་ འཛུལ་འཐུས་དངུལ་ཀྲམ་༥,༠༠༠ རེ་ སྤྲོད་ཐོག་ལས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྩེད་འགྲན་དེ་ འགྲན་བསྡུར་གཞན་བཟུམ་སྦེ་མེན་པར་ སྡེ་ཚན་རེ་ལུ་ སྐོར་ཐེངས་༡༡ རེ་སྦེ་ ཚད་གཞི་བཟོ་སྟེ་ རྩེད་འགྲན་འབད་བཅུག་ཡོདཔ་ལས་ སྐོར་ཐེངས་༥ དང་༦ དེ་ཅིག་གི་བར་ན་ སྒོམ་དར་སྡེ་ཚན་གྱིས་ སྐུགས་༧ ཐོབ་ཡོད་རུང་ སྡེ་ཚན་གཞན་༢ ཀྱིས་ སྐུགས་ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགས།
རྩེད་འགྲན་དེ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ བྱུང་ཡོད་མི་དེ་ཡང་ སྒོམ་དར་སྡེ་ཚན་གྱིས་ སྐུགས་༩ དང་ མར་ཚ་ལ་སྡེ་ཚན་གྱིས་ སྐུགས་༧ ཐོབ་ཡོདཔ་ལས་ མཇུག་གི་སྐོར་ཐེངས་༡༡ པའི་ནང་ མར་ཚ་ལ་སྡེ་ཚན་གྱིས་ སྐུགས་༩ འཐོབ་ནི་གི་ གོ་སྐབས་ཡོད་མི་ལུ་བརྟེན་ཨིན་རུང་ བསམ་གྲུབ་ལྗོངས་མཁར་སྡེ་ཚན་གྱིས་ བཀག་རེག་༡ ཕོགཔ་ལས་ སྐུགས་འདྲན་འདྲ་བཟོ་མ་ཚུགས།
དེ་འབདཝ་ལས་ སྒོམ་དར་གྱིས་ ཨང་དང་པ་དང་ མར་ཚ་ལ་གྱིས་ ཨང་༢ པ་ དེ་ལས་ བསམ་གྲུབ་ལྗོངས་མཁར་སྡེ་ཚན་གྱིས་ ཨང་༣ པ་ཐོབ་ཡོདཔ་ད་ ཨང་དང་པ་ཐོན་མི་ལུ་ གསོལ་རས་ཁྱེགས་སྒྲོམ་རེ་དང་ ཨང་༢ པ་ལུ་ གོ་ལ་འཁྱུ་ནིའི་འཕྲུལ་ཆས་རེ་ དེ་ལས་ ཨང་༣ པ་གིས་ རྒྱང་མཐོང་ཊི་བི་རེ་ཐོབ་ཅི།
དེ་ལས་ བཀག་རེག་དང་ དོ་སྦྱེལ་ སྒོར་ཐིག་གུ་ མཐོ་ཤོས་ཕོག་མི་ཚུ་ལུ་ཡང་ གསོལ་རས་དཀར་མེ་བརྒྱ་མཆོད་ ཆ་ཚང་རེ་ བྱིན་ཡོདཔ་ད་ ཚོགས་པ་གིས་ ལོ་༡ ནང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་འཁོད་དང་ སྤྱིར་བཏང་སྦེ་ འགྲན་བསྡུར་ཚར་༢ རེ་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *