ཁག་འབགཔ་བརྒྱ་ཆ་༣.༤ གིས་ ངན་ལྷད་ནང་ འབྲེལ་ཞུགས་འབད་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ སྤྱི་ལོ་༢༠༠༦ ལས་འགོ་བཟུང་ ད་ལྟོ་ཚུན་ བཟོ་སྐྲུན་ལས་སྡེ་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་༥༠༠ དེ་ཅིག་ ཐོན་ཡོདཔ་ད་ དེའི་ནང་ལས་༡༠༠ དེ་ཅིག་ འཁོར་ལམ་བཟོ་སྐྲུན་དང་འབྲེལ་བའི་ ཉོགས་བཤད་བཀོད་མི་ཨིན་པས།

སྙན་ཞུ་དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༩ ལུ་ འབྲུག་གི་བཟོ་སྐྲུན་མཐུན་ཚོགས་ལྷན་ཚོགས་ཀྱི་ སྤྱིར་བཏང་ཞལ་འཛོམས་ འཚོགས་པའི་སྐབས་ ལྷན་ཚོགས་ཀྱི་འགོ་དཔོན་གྱིས་ བཤད་ཡོདཔ་ཨིན་པས།

ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ ཁག་འབག་བརྒྱ་ཆ་༣.༤ དེ་ཅིག་གིས་ ངན་ལྷད་ནང་ ཉམས་མྱོང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ མི་མང་གི་ འགོ་དཔོན་བརྒྱ་ཆ་༡.༩ ལུ་ ངན་ལྷད་ཀྱི་ ཉམས་མྱོང་ཡོད་པའི་ མངོན་གསལ་བྱུང་ཡོདཔ་སྦེ་ བཀོད་ནུག།

ཉོགས་བཤད་བཀོད་མི་ཚུ་ལས་ བརྒྱ་ཆ་༤༡ དེ་ཅིག་ དབང་ཚད་ལོག་སྤྱོད་དང་ ནང་གསུག་བྱིན་མི་དེ་ བརྒྱ་ཆ་༡.༧ འདུག་ཟེར་ཨིནམ་ད་ ཁག་འབགཔ་ཚུ་གིས་ ངན་ལྷད་མར་ཕབ་འབད་ནིའི་དོན་ལུ་ གཞུང་དང་སྒེར་སྡེ་གཉིས་ཀྱིས་ མཉམ་རུབ་ཐོག་ལས་ ལཱ་འབད་དགོཔ་འདུག་ཟེར་ བཤད་ནུག།

ཁག་འབགཔ་ཅིག་གིས་ བཤད་མིའི་ནང་ སྒེར་གྱི་ལས་སྡེ་ཚུ་ ལཱ་མང་ཤོས་ཅིག་ནང་ ཨུ་ཚུགས་འབད་མི་ཐོན་ཏེ་ ཡོད་ཟེར་ཨིནམ་ད་ ལཱ་འབད་བའི་སྐབས་ལུ་ གཞུང་གིས་ རིན་བསྡུར་དང་འབྲེལ་བའི་ལཱ་ཚུ་ འབད་དེ་ཡོད་ཟེར་ཨིནམ་ད་ ཨིན་རུང་ མཐའན་མཇུག་ཁར་ ལཱ་ལེགས་ཤོམ་སྦེ་ མ་འབད་བ་ཅིན་ ཁག་འབགཔ་ལུ་ ཁ་གཏང་ནི་འདུག་ཟེར་ཨིན་པས།

དེ་བཟུམ་སྦེ་ ངན་ལྷད་འབད་བའི་སྐོར་ལས་ ཉོགས་བཤད་འབད་བའི་སྐབས་ ལས་འགུལ་ནང་འགོ་དང་པ་ འབྲེལ་བ་ཡོད་མི་ཚུ་ བཅའ་མར་གཏོགས་བཅུག་དགོཔ་འདུག་ཟེར་ཨིནམ་ད་ ལཱ་གཡོག་བྱིན་མི་དང་ ལཱ་འབད་མི་གཉིས་ཆ་ར་ལུ་ འགན་འཁྲི་བཀལ་དགོཔ་འདུག་ཟེར་ཨིན་པས།

ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ངན་ལྷད་དེ་ ངོ་མ་ར་ འགན་འཁྲི་འབག་མི་མེད་མི་དང་ གཡོ་སྒྱུ་ ལྟ་རྟོག་སྐྱོ་དྲགས་ གཞན་ཡང་ ནང་གསུག་བྱིན་མི་དང་ ཚུལ་ལྡན་གྱི་ལཱ་མ་འབད་མི་ལུ་བརྟེན་ ཐོན་ནུག་ཟེར་ཨིན་པས།

ཁག་འབགཔ་གཞན་ཚུ་གིས་ ངན་ལྷད་ཀྱི་ དཀའ་ངལ་སེལ་ཐབས་ལུ་ འབྲེལ་ཡོད་ལས་སྡེ་དང་ ལས་ཁུངས་ཚུ་གིས་ གཅིག་ཁར་འབད་དགོ་ཟེར་ཨིནམ་ད་ གཞུང་གིས་ རིན་བསྡུར་ཉུང་ཤོས་འབད་མི་ཚུ་གིས་ ལཱ་གི་གནས་སྟངས་ སྐྱོ་དྲགས་ཀྱི་ཐོག་ལས་འབད་ནི་དང་ དེ་མིན་ དངུལ་ཁང་ཚུ་དང་གཅིག་ཁར་ དཀའ་ངལ་ཚུ་ཡོདཔ་ གཞུང་གིས་ཤེས་ཟེར་ཨིན་པས།

ཁག་འབགཔ་གིས་ བཤད་མིའི་ནང་ རིན་བསྡུར་ཉུང་ཤོས་འབད་མི་ལུ་ ལཱ་བྱིན་དོ་ཡོད་རུང་ འཕྲལ་འཕྲལ་སྐབས་ རིན་བསྡུར་འབད་མི་ མ་དངུལ་གྱིས་ ལཱ་དེ་ཅིག་འབད་མི་ཚུགས་ཟེར་ཨིན་པས།

ཞལ་འཛོམས་སྐབས་ ཁག་འབག་ལག་ལེན་འཐབ་ནི་དང་ ལྟ་རྟོག་ དེ་ལས་ ཁྱོསམ་གི་བཅའ་ཁྲིམས་ བཟོ་རིག་འགོ་དཔོན་ཚུ་སྦྱོང་བརྡར་བྱིན་ནི་དང་ ཁག་འབགཔ་ཚུ་གི་ བཅའ་བཞག་ཚུ་ལུ་ རྒྱབ་སྣོན་འབད་ནིའི་ གྲོས་འདེབས་འབད་ཡོདཔ་ཨིན་པས།

ཞིབ་འཚོལ་དེ་ཡང་ རྒྱབ་སྣོན་འབད་ནི་དང་ ཁག་འབག་དང་འབྲེལ་བའི་ ལམ་སྟོན་ཚུ་ བསྟར་སྤྱོད་འབད་ནི་ དེ་ལས་ གཞན་ཡང་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་འབད་ནི་ཨིནམ་ད་ ཞལ་འཛོམས་དེ་ ཁ་ཙ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *