ཁ༌ཙ༌ལས༌ སྐྱབས༌རྗེ༌རྗེ༌ མཁན༌ རིན༌པོ༌ཆེ༌མཆོག༌ གིས༌ ཆོས་འབུམ་གྱི་ལྗགས༌ལུང༌ འགོ༌ བཙུགས༌ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་གྱི་ལྗགས་ལུང་ གནང་མིའི་གྲས་ལས་ ཁ་ཙ་ལས་ ཡུམ་ཆེན༌མོའི༌ལྗགས༌ལུང༌གནང་ནི་ འགོ་བཙུགས་པའི་སྐབས་ ལུང་ཞུ་མི་ལེ་ཤ་གིས་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ ཆོས་འབུམ་དེ་ འབྲུག་མི་མང་ཤོས་ཅིག་གི་ཁྱིམ་ནང་ ནང་རྟེན་སྦེ་ཡོདཔ་ལས་ ལྗགས་ལུང་ཞུ་ནི་ལུ་ སྤྲོ་བ་ཐེབས་བསྐྱེད་དོ་ཡོདཔ་ཨིན་པས།
བཀའ་འགྱུར་དེ་ འདུལ་བ་དང་ མདོ་སྡེ་ དེ་ལས་ མངོན་པ་གསུམ་ལུ་དབྱེ་ཡོད་ས་ལས་ ད་ཚུན་ འདུལ་བ་དང་ མདོ་སྡེ་མཇུག་བསྡུ་ནི་དེ་གིས་ ད་ལྟོ་ མངོན་པའི་རིགས་ལས་ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ གནང་དོ་ཡོདཔ་ཨིན་པས།
ཡུམ་ཆེན་མོ་ལུ་ རྒྱས་འབྲིང་འདུས་གསུམ་སྦེ་ཡོད་ས་ལས་ ཡུམ་རྒྱས་པ་དེ་ འབུམ་ཨིནམ་ད་ དེ་ལུ་ པོ་ཏི་༡༢ ཡོདཔ་ད་ ཡུམ་འབྲིང་པོ་ཉི་ཁྲི་ལུ་ པོ་ཏི་༣ དེ་ལས་ ཡུམ་འདུས་པ་ བརྒྱད་སྟོང་པ་ལུ་ པོ་ཏི་༡ ཡོདཔ་ད་ དེ་ཚུའི་འདུས་པ་དེ་ ཤེར་རབ་སྙིང་པོ་ཨིནམ༌ད༌ འབུམ༌པོ༌ཏི༌༡༢ པོ་དེ༌ མགོན༌པོ༌ཀླུ༌ སྒྲུབ༌ཀྱིས༌ ཀླུ༌ཡུལ༌ལས༌ གདན༌ འདྲེན༌ཞུ༌ཡོད་པའི༌ ལོ༌རྒྱུས༌ འདུག།
ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལུ་ འབུམ་ཟེར་ཞུ་མི་དེ་ཡང་ ཤོ་ལོ་ཀ་༡༠༠,༠༠༠ ཡོད་ནི་དེ་གིས་ཨིནམ་ད་ ཡུམ་འབྲིང་པོ་ཉེ་ཁྲི་ལུ་ ཤོ་ལོ་ཀ་༢༠,༠༠༠ ཡོདཔ་ད་ དེ་བཟུམ་སྦེ་ ཡུམ་འདུས་པ་ བརྒྱད་སྟོང་པ་ལུ་ ཤོ་ལོ་ཀ་༨,༠༠༠ ཡོདཔ་ཨིན་པས།
བཀའ་འགྱུར་ལྗགས་ལུང་ འགོ་འདྲེན་ཚོགས་ཆུང་གི་ ཁྲི་འཛིན་འོག་མ་ མཁན་སྤྲུལ་དགའ་རབ་རྡོ་རྗེ་གིས་འབད་བ་ཅིན་ ཆོས་འབུམ་ལུ་ ཡུམ་ཟེར་ཞུ་མི་དེ་ཡང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ ཡུམ་ཆེན་མོའི་དོན་རྟོགས་པའི་ཤུལ་ལས་ སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་དེ་གིས་ཨིན་ཟེར་ཨིནམ་ད་ དེ་ལུ་ སྟོང་ཉིད་ཟེར་ཡང་ ཞུཝ་ཨིན་ཟེར་ཨིན་པས།
ཡུམ་ཆེན་མོ་དེ་ སངས་རྒྱས་ཤཱཀྱ་ཐུབ་པ་གིས་ རྒྱ་གར་འཕགས་པའི་ཡུལ་ བྱ་རྒོད་ཕུང་པོའི་རི་ལུ་ བཀའ་བར༌པ་ མཚན་ཉིད་མེད་པའི་ཆོས་འཁོར་ བསྐོར་གནང་བའི་སྐབས་ལུ་ གསུངས་གནང་ཡོདཔ་ད་ དེའི༌གྲས༌ཁར༌ ཐེག་པ་ཆེན་པོའི་མདོ་སྡེ་དང་ མངོན་པའི་རིགས་ དེ༌ལས༌ རྒྱུད༌ཚུ༌ཨིན༌པས།
མཁན༌སྤྲུལ༌དགའ༌རབ༌ཀྱིས༌ བཤད༌མིའི༌ནང༌ ཐེག༌པ༌ཆེན༌པོའི༌ མདོ༌སྡེ༌ནང༌ བྱང༌ཆུབ༌སེམས༌ དཔའི༌སྐྱེ༌རབས༌དང༌ སྟོང༌ཉིད༌ཀྱི༌ དོན༌དང་ མངོན༌པའི༌ནང༌ ས༌ལམ༌གྱི༌ རྣམ༌གཞག༌ལ༌སོགས༌ཚུ༌གི༌སྐོར༌ དེ༌ལས༌ རྒྱུད༌ཀྱི༌ནང༌ གསང༌ སྔགས༌ཀྱི༌ བསྐྱེད༌རིམ༌དང༌རྫོགས༌ རིམ༌ དེ༌ལས༌ ཉམས༌ལེན༌གྱི༌ སྐོར༌ལས༌ ཡོད༌ཟེར༌ ཨིན༌པས།
སངས་རྒྱས༌ཀྱིས༌ ཆོས༌འཁོར༌ རིམ༌པ༌༣ བསྐོར༌གནང༌མིའི༌གྲས་ལས༌ བཀའ༌བར༌པ༌མཚན༌ ཉིད༌མེད༌པའི༌ ཆོས༌འཁོར༌བསྐོར༌ གནང༌པའི༌སྐབས༌ སེམས༌ཅན༌གྱི༌ རྒྱུད༌ལུ༌ སྙིང༌རྗེ༌ བསྐྱེད༌དེ༌ སངས༌ རྒྱས༌ཀྱི༌ གོ༌ འཕང༌ཐོབ༌པའི༌ ལོ༌རྒྱུས༌ཡོདཔ༌ད༌ དེའི༌གྲས༌ཁར༌ བྱང༌ཆུབ༌སེམས༌ དཔའ༌དང༌ སེམས༌མ༌ འབུམ༌ ལས༌བཅད༌དེ༌ ཡོད༌པའི༌ ལོ༌རྒྱུས༌ ཡོདཔ༌ད༌ བཀའ༌བར༌པ༌དེ༌ ལོ༌༧ དེ༌ཅིག༌ བསྐོར༌གནང༌པའི༌ ལོ་རྒྱུས༌འདུག།
བཀའ༌དང༌པོ༌དེ༌ ཡུལ༌ཝཱ༌ར༌ན༌ སི༌ལུ༌ བདེན༌པ༌༤ གི༌ ཆོས༌ འཁོར༌ བསྐོར༌གནང༌ཡོདཔ༌ད༌ དེ༌ ལས༌ བཀའ༌ཐ༌མ༌ ལེགས༌པར༌ རྣམ༌པར༌ ཕྱེ༌བའི༌ཆོས༌འཁོར༌དེ༌ གནས༌ མ༌ཉེས༌པ༌ལུ༌ ཆོས༌ གསུངས༌པའི༌ སྐབས༌ དཔེ༌འབད༌ བ༌ཅིན༌ ཨྱོན༌གྱི༌ ཡུལ༌ལུ༌ སངས༌རྒྱས༌ གསང༌བ༌བསྡུས༌པ༌ལ༌སོགས༌པ༌གསུངས༌པའི༌སྐབས༌ རྒྱལ༌པོ༌ ཨཱིན༌ཌ་བོ༌དྷའི༌རྒྱུད༌ལུ༌ རྟོགས༌པ༌ བསྐྱེད༌དེ༌ སངས༌རྒྱས༌ ཀྱི༌ཞིང༌ལུ༌ སྐྱེས་བའི༌ལོ༌རྒྱུས༌འདུག།
མཁན༌སྤྲུལ༌དགའ༌རབ༌ཀྱིས༌ བཤད༌མིའི༌ནང༌ ད༌རེས༌ ཡུམ༌ཆེན༌ པོའི༌ལྗགས༌ལུང༌ ཞུ༌མའི༌ ཕན༌ཡོན༌དེ༌ ཚེ༌ད༌རེས༌ རྐྱེན༌དང༌བར༌ཆད་ཚུ༌ སེལ༌ཏེ་ ཕྱི༌མ༌སངས༌རྒྱས༌ཀྱི༌ གོ༌འཕང༌ འཐོབ༌ནིའི༌ རྟེན༌འབྲེལ༌ཨིན༌ཟེར༌ ཨིནམ༌ད༌ ད༌རིས༌འབདཝ༌ད༌ བཀའ༌ འགྱུར༌གྱི༌ ལྗགས༌ལུང༌ འགོ༌བཙུགས༌ ཏེ༌ ཉིན་གྲངས༌༧༤ ལང༌ཡོད་པའི༌ གནས༌ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *