ཁ་ཟས་དང་ བཞེས་སྒོའི་སྦྱོང་བརྡར་ འགོ་འབྱེད་འབད་ཡོདཔ།

༉ རྒྱབ་སྐྱོར་ལས་བྱེད་པའི་ རིག་རྩལ་གོང་འཕེལ་འགོ་འདྲེན་གྱི་ ཡན་ལག་ཅིག་སྦེ་ མི་དབང་རྒྱལ་པོའི་ དྲུང་ཆེན་ཡིག་ཚང་གིས་ དམིགས་བསལ་དུ་ ཚེམ་བཟོའི་སྦྱོང་བརྡར་ འགོ་འབྱེད་འབད་བའི་ཤུལ་ལས་ ད་རུང་ སྦྱོང་བརྡར་ཐེངས་༢ པ་ འགོ་བཙུགས་ཡོདཔ་ཨིན་པས།

ཨེན་ཨཱེལ་ཌི་སྦྱོང་བརྡར་ནང་ ཟླཝ་༡ རིང་གི་ ཁ་ཟས་དང་ བཞེས་སྒོ་འབད་ཐངས་ཀྱི་ སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༩ པའི་ཚེས་༢༦ ལུ་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ ལས་རིམ་ནང་ སྦྱོང་བརྡར་འབད་མི་༢༠ ཡོད་པའི་གནས་ཚུལ།

ཉི་དྲོད་གློག་མེ་བཙུགས་ཡོདཔ།

༉ ཁ་ཙ་ འགོ་ཁྲིདཔ་ཡར་དྲག་གཏང་ནིའི་ལས་རིམ་ གཞི་བཙུགས་འབད་དེ་ ལོ་༡ ལང་མི་དང་བསྟུན་ ཨ་བརྒྱ་གནས་ལུ་ ཉི་དྲོད་གློག་མེ་བཙུགས་མི་དེ་ སི་ཨེསི་ཨེགསི་ལས་འགུལ་ཅིག་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།

ལས་འགུལ་དེ་ འགོ་ཁྲིདཔ་ཡར་དྲག་གཏང་ནིའི་ ལས་རིམ་གྱི་ ཐབས་རིག་དང་ འབྲེལ་ཡོད་ལས་སྡེའི་ ལམ་སྟོན་ཐོག་ལུ་ མཐར་འཁྱོལ་ཅན་ཅིག་སྦེ་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *