ལོག་གསརཔ་བཟོ་ནིའི་ འཆར་གཞི་ཡོད་མི་ ལྟ་བཤལ་པའི་ ཁྱིམ་ཆུང་ཚུ།

ཀྲོང་གསར་ལུ་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ ཐབས་ལམ་ཚུ་བཏོན་དོ་ཡོདཔ།

༉ ཀྲོང་གསར་རྫོང་ཁག་བདག་སྐྱོང་དང་ འབྲུག་ལྟ་བཤལ་ཚོགས་སྡེ་༢ ཀྱིས་ མཉམ་རུབ་ཐོག་ལས་ རྫོང་ཁག་ནང་འཁོད་ལུ་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ ཐབས་ལམ་ཚུ་བཏོན་དོ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ རྫོང་ཁག་བདག་སྐྱོང་དང་ འབྲུག་ལྟ་བཤལ་ཚོགས་སྡེའི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ ལྟ་བཤལ་གོང་འཕེལ་གཏང་ནིའི་ འོས་འབབ་གྲོས་བསྡུར་འབད་ནི་དེ་གིས་ ཨིན་པས།
རྫོང་ཁག་འཆར་གཞི་འགོ་དཔོན་དང་ རྫོང་ཁག་ལྟ་བཤལ་ངོ་ཚབ་ ཕུན་ཚོགས་རིག་འཛིན་གྱིས་ སླབ་མིའི་ནང་ དེའི་དོན་ལུ་ ལྟ་བཤལ་ཚོགས་སྡེ་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་ནི་དང་ རྫོང་ཁག་བདག་སྐྱོང་གིས་ ལྟ་རྟོག་དང་ འཛིན་སྐྱོང་གི་ལཱ་ཚུ་ འབད་འོང་ཟེར་ཨིན་པས།
ཀྲོང་གསར་རྫོང་ཁག་ནང་ ལྟ་བཤལ་གྱི་ ཐོན་ཁུངས་གོང་འཕེལ་གཏང་ནི་དང་ མི་སེར་ཚུ་གི་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ ལཱ་གཡོག་གི་གོ་སྐབས་བཟོ་ནི་ འགོ་བཙུགས་ནི་ཟེར་ཨིན་པས།
དེ་མ་ཚད་ ཧེ་མའི་ ལྟ་བཤལ་འགྲུལ་ལམ་ཚུ་ བསྐྱར་གསོ་འབད་ནི་དང་ མི་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ ལས་སྣ་དེ་ འཆར་ལོ་༢༠༡༩-༢༠ ནང་འཁོད་ལུ་ འབད་ནི་ཨིན་པས།
དེ་བཟུམ་སྦེ་ ནབ་སྦྱིས་སྐོར་ཕུག་ཁ་ཐུག་ལུ་ཡོད་པའི་ ལྟ་བཤལ་ལམ་དེ་ བསྐྱར་གསོ་འབད་ནི་ཨིནམ་ད་ ལམ་དེ་ལེགས་ཤོམ་མེདཔ་ལས་བརྟེན་ ད་ཚུན་ ནབ་སྦྱིས་སྐོར་ཕུག་ལུ་ ལྟ་བཤལ་མངམ་ མ་འོང་པར་ ལུས་ཡོདཔ་ཨིན་པས།
སྐོར་ཕུག་ལུ་ ལྟ་བཤལ་པའི་དོན་ལུ་ མགྲོན་ཁྱིམ་བཟོ་ནི་དང་ ནབ་སྦྱིས་ལུ་ཡོད་པའི་ ལྟ་བཤལ་པའི་ཁྱིམ་ཆུང་ཚུ་ ལོག་གསརཔ་བཟོ་ནིའི་ འཆར་གཞི་ཡོདཔ་ད་ དེ་ཡང་ ད་ལྟོ་ཡོད་པའི་ས་གནས་དེ་ མེདཔ་ཐལ་ཡོདཔ་ལས་ ལྟ་བཤལ་སྡོད་ནི་མེདཔ་ཨིན་པས།
དེ་བཟུམ་སྦེ་ སྦྱང་བི་ལུ་ ལྟ་བཤལ་པའི་གསང་སྤྱོད་དང་ ཡོ་སྟོང་ལཱ་ལུ་ཡང་ ལྟ་བཤལ་པའི་དོན་ལུ་ གསང་སྤྱོད་བཟོ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
འཆར་གཞི་འགོ་དཔོན་གྱིས་ སླབ་མིའི་ནང་ ས་གནས་ལྟ་རྟོག་དང་ མི་སེར་དང་ གྲོས་བསྟུན་འབད་བའི་སྐབས་ མི་སེར་ཚུ་གི་ཁ་ཐུག་ལས་ ས་གནས་ནང་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ ངོས་ལེན་སྦོམ་འདུག་ཟེར་ བཤད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *