སྐྱེས་ལོ་༣༠ ལང་མི་ ཨྱོན་སྒྲོལ་མ་གིས་ རྫམ་བཟོ་བའི་བསྒང་།

ཀྲོང་གསར་ལུ་ རྫམ་བཟོ་མི་ཨམ་སྲུ་ཅིག་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ནང་ རྫམ་བཟོ་མི་ ཕུད་རྡོག་༡ ལས་བརྒལ་མེད་མི་དེ་གིས་ ཚོང་འབྲེལ་ལེགས་ཤོམ་སྦེ་ར་ འཐབ་ཚུགས་དོ་ཡོདཔ་ཨིན་པས།

དེ་ཡང་ ཝང་གླིང་ལས་ཨིན་མི་ སྐྱེས་ལོ་༣༠ ལང་མི་ ཨྱོན་སྒྲོལ་མ་གིས་ རྫམ་བཟོ་ནིའི་ལཱ་འབད་དེ་ ལོ་༦ དེ་ཅིག་ལང་ཡོདཔ་ད་ རྫ་བཟོ་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཡི་ཟེར་ མོ་གིས་ སླབ་ཨིན་པས།

ཨྱོན་སྒྲོལ་མ་དེ་ དཔེ་ཆ་མ་ལྷབ་རུང་ ད་རེས་ རྫམ་བཟོ་ནིའི་ལཱ་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་མི་དེ་གིས་ ཕམ་སྤུན་ཆ་ཚུ་ལུ་ གྲོགས་རམ་འབད་ཚུགས་དོ་ཡོདཔ་མ་ཚད་ མོ་རའི་ མི་ཚེ་ཡང་ ལེགས་ཤོམ་སྦེ་ར་ སྐྱོང་ཚུགས་སྟེ་འདུག།

མོ་གིས་ ཏཱ་ར་ཡ་ནའི་ རྒྱབ་སྐྱོར་ཐོག་ལས་ རྫམ་བཟོ་ནིའི་ སྦྱོང་བརྡར་འབད་བའི་ཤུལ་ལུ་ ད་རེས་ རྫམ་གིས་མ་དོ་བར་ ཕོརཔ་དང་ སྤོས་ཕོར་ དེ་ལས་ མེ་ཏོག་བཙུགས་ལྷོད་ཚུ་ཡང་ བཟོ་དོ་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ མོ་གི་ཐོན་སྐྱེད་ཚུ་ བཙོང་མ་ཚུགས་པའི་ དཀའ་ངལ་མེད་ཟེར་ཨིནམ་ད་ དེ་ཡང་ རྫམ་ཚུ་ ཏཱ་ར་ཡ་ན་ལུ་ བཙོང་དོ་ཡོད་པའི་ཁར་ ཚོང་མགྲོན་པ་ལ་ལོ་ཅིག་གིཤ་ ས་གནས་ནང་འོང་སྟེ་ ཉོ་འབགཔ་མས་ཟེར་ཨིན་པས།

རྫམ་ཚུ་ སྦོམ་ཆུང་དང་འཁྲིལ་ ཕུད་རྡོག་རེ་ལུ་ དངུལ་ཀྲམ་༡༠༠ ལས་༨༠༠ འི་བར་ན་སྦེ་ བཙོང་དོ་ཡོདཔ་ད་ དུས་ཅི་ ད་ལྟོ་ཚུན་ མོ་གིས་ འོང་འབབ་དངུལ་ཀྲམ་འབུམ་༡ དེ་ཅིག་ བཟོ་ཡོདཔ་ཨིན་པས།

མོ་གིས་བཟོ་མི་ རྫམ་ཚུ་ ཚོང་འབྲེལ་འགྲེམས་སྟོན་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ཡང་ བཙོང་དོ་ཡོདཔ་ད་ དུས་ཅི་ ནད་ཡམས་ལུ་བརྟེན་ འགྲེམས་སྟོན་ཚུ་ འགོ་འདྲེན་མ་འཐབ་རུང་ མོ་གི་ ཚོང་མགྲོན་པ་གཙོ་བོ་ ཏཱ་ར་ཡ་ན་ཨིན་ཟེར་ཨིན་པས།

ཨྱོན་སྒྲོལ་མ་གིས་ ཆ་རོགས་༡༢ དང་ཅིག་ཁར་ རྫམ་བཟོ་ནིའི་ སྦྱོང་བརྡར་འབད་ཡོདཔ་ད་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལུ་ རྫམ་བཟོ་སྡོད་མི་ མོ་རང་རྐྱངམ་གཅིག་ཨིན་པས།

རྫམ་བཟོ་མི་ ཨྱོན་རྐྱངམ་གཅིག་ཨིནམ་ལས་ ཆ་རོགས་གསརཔ་བཙུགས་འབད་ནིའི་ རེ་བ་ཡོད་རུང་ སྤྲོ་བ་བསྐྱེད་མི་མེདཔ་ཨིན་པས།

མོ་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བྱིན་རུང་ གདོང་ཁར་འཐོན་མི་མེདཔ་ད་ མོ་གིས་ སླབ་མིའི་ནང་ 

མོ་རའི་སྤུན་ཆ་ཅིག་ལུ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་དངུལ་ཀྲམ་༡༢,༠༠༠༠ བྱིན་རུང་ རྫམ་བཟོ་ནི་ལུ་ སྤྲོ་བ་བསྐྱེད་མི་བཏུབ་པས་ཟེར་ཨིན་པས།

ཨྱོན་སྒྲོལ་མ་གིས་ མོ་རའི་ རྫམ་གི་ཚོང་འབྲེལ་དེ་ ཡར་དྲག་གཏང་ནིའི་དོན་ལུ་ ཏཱ་ར་ཡ་ན་གཞི་ཚོགས་ལས་ སྐྱིན་འགྲུལ་ལེན་ཏེ་ རྫམ་བཟོ་ནིའི་འཕྲུལ་ཆས་༢ མཁོ་བསྔགས་འབད་དེ་ ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *