ཀྲོང་གསར་ལུ་ ནད་ཡམས་ཐོབ་མི་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ བརྟག་དཔྱད་འབད་བའི་བསྒང་།

ཀྲོང་གསར་ལུ་ ནད་ཡམས་ཐོབ་མི་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ ཉིན་གྲངས་༥ འི་རྒྱབ་ལས་ བརྟག་དཔྱད་འབད་ནི།

༉ ཀྲོང་གསར་ལུ་ ནད་ཡམས་ཀོ་བིཌ­་-༡༩ ཐོབ་མི་དང་ ཐད་ཀར་དུ་འབྲེལ་བ་འཐབ་མི་༡༠ ཟུར་བཞག་ལྟེ་བའི་ནང་ བཞག་ཡོདཔ་བཞིན་དུ་ མི་ངོམ་ཚུ་ ཉིན་གྲངས་༥ འི་རྒྱབ་ལས་ བརྟག་དཔྱད་འབད་ནི་ཨིན་པས།

དེ་ཡང་ ནད་ཡམས་ཐོབ་མི་ ཨམ་སྲུ་དེ་དང་ འབྲེལ་བ་འཐབ་མི་༢ ནད་ཡམས་ཐོབ་ཡོདཔ་ད་ ཁོང་༢ ཤར་ཕྱོགས་ཁ་ཐུག་འགྱོ་བའི་སྐབས་ ཀྲོང་གསར་ལུ་སྡོད་ཡོདཔ་བཞིན་དུ་ བུབ་བྱག་ལུ་ སོང་ཡོདཔ་ཨིན་པས།

དེ་ལུ་བརྟེན་ བྲག་སྟེང་རྒེད་འོག་གི་གཡུས་ཚན་ བུབ་བྱག་དང་ དབུས་ས་ བཀྲིས་སྡིངས་ཁ་ དེ་ལས་ སྟག་རྩེའི་ མི་ཚུ་ རང་གི་ཁྱིམ་ནང་སྡོད་དགོཔ་མ་ཚད་ ཚོང་ཁང་ཚུ་ཡང་ སྒོ་བསྡམས་བཞག་དགོཔ་ཨིན་པས།

ཀྲོང་གསར་་ལས་ ས་གནས་དེ་ནང་ འགྱོ་མ་ཆོག་པའི་ཁར་ ས་གནས་དེ་ཚུའི་ནང་ལས་ གཞན་ཁར་ འགྱོ་མ་ཆོགཔ་ལས་ སྡེ་སྲུངཔ་ཚུ་གིས་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།

ནད་ཡམས་ཀྱི་ གནས་སྟངས་ལུ་བརྟེན་ ལོ་བསྟར་གནང་སྲོལ་ཡོད་པའི་ ཀྲོང་གསར་ཚེས་བཅུ་དེ་ཡང་ ཕར་འགྱངས་འ་བད་ཡོདཔ་ཨིན་པས།

ཚེས་བཅུ་དེ་ སྤྱི་ཟླ་༡༢ པའི་ཚེས་༢༣ ལས་༢༥ ཚུན་ཨིན་རུང་ ཕར་འགྱངས་འབད་བའི་ཤུལ་ལས་ རང་ཟླ་༡ པའི་ནང་ ལྷ་མོའི་སྒྲུབ་ཆེན་དང་གཅིག་ཁར་ འགོ་འདྲེན་འཐབ་ནི་ཨིན་པས།

བླམ་གནས་བརྟན་ དཀོན་མཆོག་ཚེ་རིང་གིས་ སླབ་མིའི་ན་ ཨ་རྟག་བཟུམ་སྦེ་ རྡོ་ཆལ་ནང་ ཚེས་བཅུ་འགོ་འདྲེན་མི་འཐབ་ནི་ཨིན་རུང་ ཚེས་བཅུའི་ཉིནམ་ལུ་ རབ་སྡེའི་ཁ་ཐུག་ལས་ གསུང་ཆོག་གནང་འོང་ཟེར་་ཨིན་པས།

རྫོང་ཁག་ལས་བྱེད་ཚོགས་ཆུང་གིས་ སྤྱི་ཟླ་༡༢ པའི་ཚེས་༧ ཚུན་ ཐིམ་ཕུག་ལས་འོང་མི་ཚུ་ ཐོ་བཀོད་འབད་དེ་ བརྟག་དཔྱད་འབད་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ ཁ་ཙ་ མི་གྲངས་༣༨༦ ཐོ་བཀོད་འབད་ཡོདཔ་ད་ དེ་ནང་ལས་ མི་གྲངས་༧༧ གྱི་རྩིས་ སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ འོང་ཡོདཔ་ལས་ ཁྱིམ་ནང་ཟུར་སྡོད་དགོཔ་སྦེ་ཨིན་པས།

དེ་བཟུམ་སྦེ་ ཁ་ཙ་ མི་གྲངས་༡༢༩ ལུ་ རེ་པིཌ་བརྟག་དཔྱད་འབད་ཡོདཔ་ད་ ཆ་མཉམ་ར་ ནད་ཡམས་མེདཔ་སྦེ་ ཐོན་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *