ཀྲོང་གསར་ལུ་ ད་ལྟོ་ཚུན་ གདམ་ངོ་ཕུད་རྡོག་༡ ཡང་ གསལ་སྟོན་མ་འབད་བར་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ནང་ ཁ་ཙ་ཚུན་ གདམ་ངོའི་འཛོམས་འདུ་ ཐེངས་༣ དེ་ཅིག་མཇུག་བསྡུ་ཡོད་རུང་ འདེམས་ངོ་ཕུད་རྡོག་༡ ཡང་ གསལ་བསྒྲགས་མ་འབད་བར་ ཡོདཔ་ཨིན་པས།

ཁྲོམ་སྡེ་དང་ སྐོར་ཕུག་ དེ་ལས་ སྟངས་སི་སྦྱིས་རྒེད་འོག་ནང་ གདམ་ངོའི་འཛོམས་འདུ་ འཚོགས་པའི་སྐབས་ གདམ་ངོ་༡ ཡང་ མ་འཐོན་པར་ཡོདཔ་ད་ ཀྲོང་གསར་ཁྲོམ་གྱི་ འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་མི་༢༠ འཛོམས་ཡོདཔ་ད་ སྐོར་ཕུག་རྒེད་འོག་གི་ འཛོམས་འདུ་ནང་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་༨༠ ལྷོད་ནུག།

ཨིན་རུང་ སྟངས་སི་སྦྱིས་ལུ་ ཚོགས་རྒྱན་བཙུགས་མི་༡༥༠ ལྷོད་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གདམ་ངོ་༣ ཐོན་མི་ཚུ་གིས་ ཁོང་རའི་ དང་འདོད་ཡོད་ལུགས་ཚུ་གི་སྐོར་ལས་ གསལ་ཞུ་འབད་ཡི་ཟེར་ཨིན་པས།

གླང་མཐིལ་རྒེད་འོག་ནང་འབད་བ་ཅིན་ ད་ལྟོ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་བསྒང་ཡོད་མི་ མཐར་ཕྱིན་རྐྱངམ་གཅིག་ཨིནམ་ད་ རྒེད་འོག་གི་ གདམ་ངོའི་འཛོམས་འདུ་དེ་ ནངས་པར་ འགོ་འདྲེན་འཐབ་ནི་ཨིན་པས།

བཀྲ་ཤིས་བསམ་གྲུབ་དེ་ ནུབ་སྦིས་རྒེད་འོག་ལས་ དང་འདོད་ཅན་གྱི་ མི་ངོམ་སྦེ་ཐོན་ཡོདཔ་ད་ གདམ་ངོ་དེ་ སྒེར་གྱི་ཚོང་པ་ཅིག་ཨིནམ་ལས་ ཁོ་གིས་ ལོ་ངོ་༢༠ དེ་ཅིག་ ནགས་ཚལ་ལས་ཚན་ནང་ ཕྱག་ཞུ་ཡོདཔ་ཨིན་པས།

ནུབ་སྦིས་རྒེད་འོག་གི་ གདམ་ངོའི་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༡༤ དང་༡༥ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

དེ་ལས་ ནགས་ཚལ་འགོ་དཔོན་བགྲེསཔ་ མགོནམ་རྡོ་རྗེ་ཡང་ བྲག་སྟེང་རྒེད་འོག་ནང་ལས་ གདམ་ངོ་ཁོ་ར་རྐྱངམ་གཅིག་ཨིནམ་ད་ ཁོ་གིས་ཡང་ ནགས་ཚལ་ལས་ཚན་ནང་ ལོ་ངོ་༢༠ ལྷགཔ་ཅིག་ ཕྱག་ཞུ་ནུག།

རྒེད་འོག་ནང་ གདམ་ངོའི་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

རང་སོའི་རྒེད་འོག་ནང་ལས་ དོ་འགྲན་འབད་མི་ གཞན་མེད་མི་ལུ་བརྟེན་ རྒེད་འོག་༣ ཆ་རའི་ནང་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་ནི་ཨིན་པས།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལ་ད་ གདམ་ངོ་༣ ཆ་ར་ མཐའ་བཅད་ཀྱི་བཙག་འཐུ་ནང་ ལྷོད་ཚུགས་པའི་རེ་བ་ ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *