ཀྲོང་གསར་དང་ གཞལམ་སྒང་བར་ན་ གཞུང་ལམ་ཆད་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༢༣ གྱི་ནུབ་མོ་ ཀྲོང་གསར་བྲག་སྟེང་རྒེད་འོག་ བུཔ་བྱག་དང་ ཀུན་དགའ་རབ་བརྟན་བར་ན་ གཞུང་ལམ་ཆད་མི་ལུ་བརྟེན་ ཀྲོང་གསར་དང་ གཞལམ་སྒང་གི་བར་ན་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ ཐོགས་ལུས་ཡོདཔ་ཨིན་པས།
ས་གནས་ནང་ ཉིནམ་དག་པ་ཅིག་གི་རིང་ ཆརཔ་ཆད་ནི་མེད་པར་ རྐྱབ་མི་ལུ་བརྟེན་ ལམ་ཆད་ཡོདཔ་ད་ ས་གནས་ཀྱི་ འཁོར་ལམ་དེ་ ད་ལྟོ་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱིས་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།
ལས་འགུལ་གྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ཨེ་ཀེ་ཨིསི་ ཐཱ་པ་གིས་ སླབ་མིའི་ནང་ ལམ་གྱི་རིང་ཚད་ མི་ཊར་༥༠ དེ་ཅིག་ཆད་ཡོདཔ་ལས་ ཁ་ཙ་ལས་ ཉམས་བཅོས་ཀྱི་ལཱ་ཚུ་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁ་ཙ་ ལས་འགུལ་གྱིས་ ལམ་ཆད་ས་ལས་ཕར་ ས་བཅད་དེ་ བཟོ་ཡོདཔ་མ་ཚད་ ད་རིས་ཕྱི་རུ་ལས་ སྣུམ་འཁོར་ཆུང་བ་ཚུ་ འགྲོ་འགྲུལ་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་མེདཔ་བཟུམ་ཡོདཔ།

༉ མོང་སྒར་སྤོང་ཅུ་ལའི་ ས་ཁོངས་དེ་ ཆུང་ཀུ་ཡོདཔ་ལས་ རྒྱལ་སྤྱིའི་གནམ་གྲུ་ཐང་རྐྱབ་ནིའི་ འོས་འབབ་མེདཔ་བཟུམ་ཅིག་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གནམ་གྲུ་ཐང་གཞི་བཙུགས་ཀྱི་ འཆར་གཞིའི་ལས་སྣ་དེ་ …

Leave a Reply

Your email address will not be published. Required fields are marked *